ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“དེ་བས་དངོས་ཡོད་དང་གསོན་ཉམས་ལྡན་པའི་ཀྲུང་གོ་མྱོང་ཚོར་ཐུབ་བྱུང”

2022-12-28
འདི་ནི་2022ལོའི་ཟླ་2ཚེས་11ཉིན་རྒྱ་གར་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་སྦྱོང་སློབ་མས་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་གྱི་སྲང་ལམ་གཉིས་པའི་སྡེ་ཁུལ་དུ་གྲོང་མི་དང་མཉམ་དུ་ཐང་ཡོན་བཟོ་བཞིན་པ།
  འདི་ནི་2022ལོའི་ཟླ་8ཚེས་13ཉིན་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡར་གཉེར་བའི“ཀྲུང་གོའི་ཉམས་སྣང”གི་རིག་གནས་ཉམས་ལེན་གཟའ་འཁོར་གྱི་བྱེད་སྒོར་མི་རྣམས་ཀྱིས་ལྒང་བཞུ་བཟོ་བའི་བྱེད་སྒོར་ཞུགས་བཞིན་པ།
  “དཔེ་དེབ་འདིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ གཞོན་ནུའི་ཕུགས་བསམ་ཆེ་བ་དང་དད་སེམས་བརྟན་པ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཞུམ་མེད་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་ཞེས་ནན་བཤད་གནང་ཡོད། བཀའ་མོལ་འདི་ལས་རང་ཉིད་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་པར་ལྕག་སྐུལ་ཆེན་པོ་ཐེབས་བྱུང” ཀྲུང་གོར་སློབ་སྦྱོང་བྱེད་རིང་པཱ་པཱ་ཏོ་སི་ནས་ཡིན་པའི་སི་ཐེ་ཧྥན·ལུའོ་ཏེ་ཡིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་བཀླགས་པའི་ནང་གི་དེང་རབས་གཞོན་ནུའི་འགན་འཁྲི་འཁུར་སེམས་སྐོར་གྱི་རྣམ་བཤད་གལ་ཆེན་ལས་ཁོང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
  ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པའི་འགྲོ་ལམ་དང་། མྱུར་བགྲོད་མེ་འཁོར། རིག་ལྡན་སྟབས་བདེའི་གནམ་ཐང་སོགས་ཀྲུང་གོའི་འཕེལ་རྒྱས་ངོ་མ་དེ་ལུའོ་སི་ཧྥན་གྱིས་ནུབ་ཕྱོགས་སྨྱན་སྦྱོར་ནས་ཤེས་རྟོགས་བྱུང་བ་དང་གཏན་ནས་འདྲ་གི་མེད། “ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་གཅིག་གིས་ཀྲུང་གོའི་གནས་ཚུལ་སྤེལ་བ་ཧ་ཅང་ཉུང་ཉུང་ཡིན་ལ་དོན་དངོས་དང་ཡང་མཐུན་གྱི་མེད། ཀྲུང་གོར་སླེབས་རྗེས་དངོས་ཡོད་དང་གསོན་ཉམས་ལྡན་པའི་ཀྲུང་གོ་དེ་བས་མྱོང་ཚོར་ཐུབ་བྱུང”ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་སྐོར་གླེང་སྐབས་ཁོང་གིས“ཀྲུང་གོར་སླེབས་རྗེས། རྒྱལ་ཁབ་དེའི་ཁྱབ་ཁོངས་ཁག་ལ་ཐོབ་པའི་གྲུབ་འབྲས་དངོས་སུ་མྱོང་ཚོར་ཐུབ་ཀྱི་འདུག ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དངོས་བྲེལ་མྱོང་ཚོར་ཐུབ་བྱུང”ཞེས་བརྗོད།
  པཱ་པཱ་ཏོ་སི་ནི་ཅ་ལི་པི་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་ཡུལ་སྐོར་ལས་རིགས་ནི་རྒྱལ་ཁབ་དེའི་དཔལ་འབྱོར་ཀ་རྟེན་གྲས་ཤིག་རེད། 2019ལོར་ཀྲུང་གོས་པཱ་པཱ་ཏོ་སི་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད། དེའི་རྨང་གཞིའི་ཐོག་ཀྲུང་པཱ་རྒྱལ་ཁབ་གཉིས་པོས་འགྲོ་ལམ་དང་། གསོལ་མགྲོན་ཁང་། ལུས་རྩལ་ཐང་། འབྲུ་རིགས་བདེ་འཇགས་ལྟེ་གནས། རིམས་འགོག་སྨན་བཅོས། གེགས་འགོག་གེགས་སེལ་སོགས་ཐད་མཉམ་ལས་བྱས་པས་རྒྱལ་ཁབ་གཉིས་པོའི་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཡང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ལུའོ་སི་ཧྥན་གྱིས“ང་དང་འདྲ་བའི་པཱ་པཱ་ཏོ་སི་བ་མང་པོ་ཞིག་གིས་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་བརྒྱུད་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་དང་དེར་དགའ་པོ་བྱེད་ཀྱི་ཡོད། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོས་འབྱུང་འགྱུར་ད་དུང་རྒྱལ་ཁབ་གཉིས་པོའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་ཐེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དེ་བས་མཛའ་བརྩེ་ལྡན་པར་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག