ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་ཐེ་མཉམ་ལས་བྱས་པའི་ཆུ་སྟེང་འོད་ཤུགས་རྣམ་གྲངས་ལས་ཐེ་ལན་ཐཱན་ཉུང་སྤྱི་ཚོགས་ཕྱོགས་སུ་སྐྱོད་པར་རམ་འདེགས་བྱས་པ།

2022-12-28
  འདི་ནི་ཟླ་12ཚེས་8ཉིན་ཐེ་ལན་གྱི་ཝུའུ་ཝུན་ཧྥུའུ་ཧྲི་ལིན་ཐུང་ཆུ་མཛོད་ནས་པར་བརྒྱབ་པའི་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་ཡིན་པ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཧྲི་ལིན་ཐུང་རགས་ཆེན་གྱི་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་ནི་ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་མཉམ་དུ་བསྐྲུན་པ་ཞིག་ཡིན་པ་དང་། མིག་སྔར་ཐེ་ལན་གྱི་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་ཆེ་ཤོས་ཤིག་རེད། ན་ནིང་ཟླ་10པར་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་ཀྲུང་གོས་བཟོས་པའི་གློག་རྫས་ཤེལ་པང་དེ་དག་གིས་ཉི་འོད་གློག་ནུས་གཙང་མར་བསྒྱུར་ནས་དུད་ཚང་ཁྲི་སྟོང་མང་པོར་གློག་གཏོང་གི་ཡོད།
  རྣམ་གྲངས་འཛུགས་སྐྲུན་གྱི་ཐོག་མའི་དམིགས་ཡུལ་སྐོར་གླེང་སྐབས་ཐེ་ལན་རྒྱལ་ཁབ་གློག་ཤུགས་ཅུས་གློག་ཁང་ལས་གྲྭ་དང་འཛུགས་སྐྲུན་གཙོ་གཉེར་གྱི་ལས་རོགས་ཅུས་ཀྲང་ཁྲ་ཚའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་རྒྱལ་ཁབ་ཁག་གིས་མགྱོགས་མྱུར་ཐཱན་སྙོམ་ལ་ཕྱོགས་བཞིན་ཡོད། ཐེ་ལན་གྱིས་ཀྱང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་སྤྱད་ནས་གློག་གཏོང་བར་མཐོང་ཆེན་བྱེད་པ་དང་འབྲེལ་མ་གནས་དམའ་བ་དང་། བརྟན་པའི་རང་བཞིན་མཐོ་བ། སྐྱེ་ཁམས་མཛའ་མཐུན་བཅས་ཀྱི་ལྗང་མདོག་ནུས་རྒྱུའི་རྣམ་གྲངས་གསར་སྤེལ་ལ་གཞོལ་གྱི་ཡོད།
  ཧྲ་ཚའེ་ཡིས། ཕྱོགས་བསྡུས་ནུས་རྒྱུའི་རྣམ་གྲངས་ཀྱི་ཇུས་འགོད་དེ་ཁོ་ཚོའི་བསམ་ཚོད་དང་མཐུན་ཞིང་། ལོ་གཅིག་རིང་རྣམ་གྲངས་དེ་ཐེག་ཚད་ཆེ་ཤོས་ཀྱི་གློག་བཏང་བའི་གནས་ཚུལ་འོག་འཁོར་རྒྱུག་ཡག་པོ་བྱུང་ཡོད། འབྱུང་འགྱུར་ཚོད་ལྟའི་རྣམ་གྲངས་དེ་ཆུ་ཤུགས་གློག་ཁང་གཞན་15བར་ཁྱབ་གདལ་གཏོང་རྩིས་ཡོད་པ་རེད་ཅེས་བརྗོད།
  རྣམ་གྲངས་དེའི་སྤྱིའི་འགན་གཙང་ལེན་མཁན་གྱི་གྲས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པའི་ཧྲན་ཤིས་སློབ་གླིང་རྒྱལ་སྤྱི་ལས་གྲྭ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་མོང་ཁྲུན་ཝུའེ་ཡིས་གསར་འགོད་པར་རྣམ་གྲངས་ལ་ཁྱོན་འོད་ཤུགས་ལྷུ་ལག་ཁྲི་14.4ལྷག་ཙམ་སྒྲིག་སྦྱོར་བྱས་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཀྲའོ་ཝ་58.5ཟིན་གྱི་ཡོད། “ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་4.7ཉུང་དུ་ཕྱིན་ནས་ཐེ་ལན་གྱིས་སྦགས་བཙོག་ཆེ་བའི་མེ་ཤུགས་གློག་གཏོང་ལ་བརྟེན་ཚད་ཉུང་དུ་བཏང་སྟེ་2037ལོར་སླེབས་སྐབས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་བཟུང་ཚད་35%བར་མཐོ་རུ་འགྲོ་བའི་དམིགས་ཚད་མངོན་འགྱུར་ཐུབ་ཀྱི་ཡོད”ཅེས་བརྗོད།
  ཧྲི་ལིན་ཐུང་ཆུ་རགས་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་ཀྱིས་ཆུ་ཁོངས་རྒྱ་ཁྱོན་གྱི་སྤྱི་ཆིང་121ཙམ་བཟུང་བ་དེ་རྐང་རྩེད་སྤོ་ལོའི་ཐང་160གི་ཆེ་ཆུང་དང་མཚུངས་ཀྱི་ཡོད་མོད། འོན་ཀྱང་ཆུ་མཛོད་ཀྱི་སྤྱིའི་རྒྱ་ཁྱོན་གྱི་1%ཙམ་ལས་བཟུང་མེད།
  རྣམ་གྲངས་དེའི་ཐེ་ལན་ཕྱོགས་ཀྱི་དོ་དམ་པ་གྲས་དང་ཐེ་ལན་གློག་ཤུགས་ཅུས་ཆུ་གློག་དང་དེ་བཞིན་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་པུའི་ཚོད་འཛིན་མ་ལག་ལས་གྲྭ་ཁང་གི་གཙོ་གཉེར་བ་སུའུ་ཝུའེ་ཐ་ཡིས་གསར་འགོད་པར་འཕྱོ་གཟུགས་འོད་ཤུགས་ཤེལ་པང་དེ་དག་གིས་ཞིང་ལས་ལ་སྤྱོད་པའི་ས་ཆ་སྤྱད་མེད་ལ་ས་གནས་དེ་གའི་ཉ་ལས་འཕེལ་རྒྱས་ལའང་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བརྗོད།
  འདི་ལོའི་ལོ་སྟོད་དུ་ཐེ་ལན་གློག་ཤུགས་ཅུས་ཀྱིས་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་གཉིས་པའི་འཛུགས་སྐྲུན་ལ་དངོས་སུ་སྐུལ་འདེད་བཏང་བ་དང་བྱང་ཤར་རྒྱུད་ཀྱི་ཁུང་ཅིང་ཕུའུ་ཝུའུ་དབུན་ལི་ཆུ་རགས་སུ་ས་གནས་འདེམས་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་གསར་པ་ནུས་གསོག་མ་ལག་ཏུ་བཅུག་ནས་གློག་མཁོ་འདོན་གྱི་བརྟན་པོའི་རང་བཞིན་སྔར་བས་ཆེ་རུ་གཏོང་རྩིས་ཡོད་པ་རེད།
  ཐེ་ལན་གྱིས་2050ལོར་སླེབས་སྐབས་ཐཱན་སྙོམ་མངོན་འགྱུར་དང་། 2065ལོར་སླེབས་སྐབས་འགྱིག་ཤོག་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་རྩ་བ་ནས་མེད་པ་བྱེད་རྒྱུ་ཡིན་པ་རེད། ཐེ་ལན་གློག་ཤུགས་ཅུས་ཀྱིས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་འཆར་འགོད་གསར་ཤོས་ནང་2037ལོའི་གོང་འཕྱོ་གཟུགས་འོད་ཤུགས་རྣམ་གྲངས་ཀྱི་སྤྱིའི་གློག་གཏོང་ནུས་པ་ཀྲའོ་ཝ་2725བར་མཐོ་རུ་གཏོང་རྩིས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག