ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དཀར་མཛེས་ཁུལ་གྱི་ལེགས་ཆའི་ཐོན་ཁུངས་མ་འཇོག་འོས་སྦྱོར་ཚོགས་འདུ་ཧང་ཀྲོའུ་ནས་སྤེལ་བ།

2022-12-29
འདི་ནི་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་རེད།
  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན། “དག་གཙང་དཀར་མཛེས·ཧང་ཀྲོའུ་རུ་བསྐྱོད་པ”ཞེས་པའི་དཀར་མཛེས་ཁུལ་གྱི་ལེགས་ཆའི་ཐོན་ཁུངས་མ་འཇོག་འོས་སྦྱོར་ཚོགས་འདུ་ཧང་ཀྲོའུ་ནས་སྤེལ།
  ཐེངས་འདིའི་བྱ་འགུལ་ནི་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུའུ་ཡིས་གཉེར་འགན་ཁུར་ཞིང་། དེ་ནི་དཀར་མཛེས་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་ལས་དོན་ཐད་སྐུལ་འདེད་གཏོང་བའི“2022མཁྲེགས་གཏོར་དང2023མགོ་རྩོམ་པའི”ཕྱིར་སྤེལ་བའི་ཀྲུང་ཅང་དང་དཀར་མཛེས་ཀྱི་མཉམ་ལས་འཕེལ་རྒྱས་ཚོགས་འདུ་ཆེན་མོ་ཞིག་ཡིན།
  འོས་སྦྱོར་ཚོགས་འདུ་ཐོག དཀར་མཛེས་ཁུལ་ཨུ་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥིན་ཅིན་ཧྥུན་གྱིས་དཀར་མཛེས་ལེགས་ཆའི་ཐོན་ཁུངས་འོས་སྦྱོར་བྱས་པ་དང་། ཁོང་གིས་ཁྱབ་ཁོངས་ས་ཆ་གལ་ཆེན་དང་། གསར་བརྗེའི་གནས་གཞི། ཐོན་ཁུངས་ཕྱུག་གནས། རབ་མཛེས་དག་ཞིང་། འཕེལ་རྒྱས་སྐྱིད་ས་བཅས་ཀྱི“གནས་ལྔ་གཅིག་འདུས”གཙོ་བོར་བཟུང་ནས་དཀར་མཛེས་ཁུལ་གྱི་མ་འཇོག་གོ་སྐབས་དང་ཚོང་གཉེར་ཁོར་ཡུག་ངོ་སྤྲོད་བྱས་པ་མ་ཟད། ཡུལ་དངོས་སུ་གསེད་འདམས་བྱས་པའི་ཡུལ་སྐོར་རིག་གནས་དང་། ཞིང་འབྲོག་སྨན་བཅོས། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་ནང་གིགཙོ་གནད་ཚོང་འགུགས་རྣམ་གྲངས61གི་གོ་སྐབས་ཞིབ་ཐོ་ཁྱབ་བསྒྲགས་བྱས་ནས། ཚོགས་འདུ་ནང་ཞུགས་པའི་ཁེ་ལས་འཐུས་ཚབ་ཀྱིས་དཀར་མཛེས་ལ་ཤེས་རྟོགས་དང་། དཀར་མཛེས་སུ་བསྐྱོད་པ། དཀར་མཛེས་ལ་མ་འཇོག་བྱེད་པར་གདན་འདྲེན་ཞུས། དེ་དང་ཆབས་ཅིག ཁོང་གིས་ཀྲེ་ཅང་གི་ལས་རིགས་སོ་སོས་ཡུན་རིང་ལ་དཀར་མཛེས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཚད་མེད་ཞུས།
  ཀྲེ་ཅང་ཞིང་ཆེན་ཚོང་དོན་ཐིང་གློག་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་ཡོན་ཧུང་ཚོགས་འདུ་ནང་ཞུགས་ནས་ཤིས་ཚིག་གནང་ཞིང་། ཁོང་གིས་རྒྱང་རིང་ནས་སླེབས་པའི་དཀར་མཛེས་ཀྱི་གྲོགས་པོ་རྣམས་ལ་དགའ་བསུ་ཆེན་པོ་བྱེད་པའི་ཞོར་དུ་ཞིབ་ཕྲས་ངང་ཧང་ཀྲོའུ་ཡི་ལོ་རྒྱུས་རིག་གནས་དང་། གྲངས་འཛིན་དཔལ་འབྱོར། སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་ཀྱི་འཕེལ་རྒྱས་ལེགས་ཆ་ངོ་སྤྲོད་བྱས། ཁོང་གིས་ཧང་ཀྲོའུ་དང་དཀར་མཛེས་ཀྱིས་ཕན་ཚུན་མཐུན་སྦྱོར་མདུན་སྐྱོད་བྱས་ནས། ཐོན་ལས་མཉམ་སྒྲུབ་གཏིང་ཟབ་དང་གྲོང་གསེབ་དར་སྤེལ་ཐད་སྐུལ་འདེད། སྐྱེ་ཁམས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཕྱོགས་ནས་མཉམ་འདྲེས་མཉམ་ལས་དང་། ལེགས་ཆ་ཕན་ཚུན་ཁ་གསབ། འཕེལ་རྒྱས་མཉམ་རྒྱལ་སོགས་ཀྱི་ཕྱོགས་ནས་ཤུགས་སྣོན་དགོས་པའི་རེ་བ་བཏོན།
  ཡུལ་དངོས་སུ། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས“གནས་བཟང་སྡེ་དགེ”ཞེས་པ་བརྗོད་གཞིར་གཙོ་བོར་བཟུང་ནས་རྫོང་དེའི་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཞིང་འབྲོག་ལས། མི་རིགས་ལག་རྩག་ལས་རིགས་སོགས་ཀྱི་ལེགས་ཆའི་ཐོན་ཁུངས་གསལ་བོར་ངོ་སྤྲོད་བྱས་པ་མ་ཟད། ཁམས་པའི་རིག་གནས་དངོས་མང་སྟོན་ཚོགས་གླིང་དང་། དག་གཙང་ལུང་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ། གཡུ་ལུང་ལྷ་མཚོ་ཡུལ་སྐོར་ཐོན་ཁུངས་སོགས་ནང་དུ་ཚུད་པའི་ཚོང་འགུགས་རྣམ་གྲངས20ལྷག་བཏོན་ནས། ཡུལ་དངོས་སུ་ཡོད་པའི་ཁེ་ལས་སོགས་གདན་ཞུ་བྱས་ནས་མཉམ་དུ་འབྱོར་ཕྱུག་ལྡན་པའི་རྒྱང་སྐྱོད་ལམ་བུའི་སྟེང་སྡེ་དགེར་བགྲོད་ལམ་གསར་བ་ཞིག་བཏོད་པར་རོགས་རམ་མཛད་རྒྱུ་རེད། 
  ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ཡིས་ཆེད་དུ་དཀར་མཛེས་ཁུལ་གྱི་རིགས་ཆེན་པོ་བཅུ་ཡི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་གསར་སྤེལ་ཐོན་རྫས། ཡུལ་སྐོར་ལམ་ཐིག་རྩེ་གྲ་འགྲེམས་སྟོན་ཁུལ་སོགས་བཀོད་སྒྲིག་བྱས་པས། ཚོགས་འདུ་ནང་ཞུགས་པའི་མགོ་ཁྲིད་དང་སྐུ་མགྲོན་དག་གིས་དེར་ལྟ་གཟིགས་གནང་བ་མ་ཟད། དཀར་མཛེས་ཐོན་རྫས་ལ་བསྔགས་བརྗོད་བྱས་ཏེ་མགྲིན་ཚབ་བྱས་ཤིང་། ད་དུང་དཀར་མཛེས་སུ་ཡུལ་སྐོར་དུ་འགྲོ་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད།
  རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག