ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

2023ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་7ཉིན་འགོ་ཚུགས་པ།

2023-01-10
  ཚེས་7ཉིན་ལྷ་ས་མེ་འཁོར་བབས་ཚུགས་ཀྱི“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཅེས་པའི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་ཆུ་ཡོས་ལོའི་བསམ་འདུན་གྱང་དང་། དཔྱིད་གསར་གབ་ཚིག་གི་གབ་ལན་འདེབས་པ་དང་། སྨོན་འདུན་ཞུ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ལྕགས་ལམ་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་འགྲུལ་པ་བློ་བདེ་བག་ཕེབས་ངང་འགྲོ་སྐྱོད་ཐུབ་པར་བྱས་ཡོད། འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་འགྲུལ་པར“སྨོན་འདུན་ཡི་གེ”སྤྲོད་བཞིན་པ།
  འདི་ནི་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འགྲུལ་པས་གནམ་གྲུར་སྡོད་པའི་འགྲོ་ལུགས་གཉེར་བཞིན་པ།
  ཚེས་7ཉིན་ནས་བཟུང་2023ལོའི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་ཞུར་སྤྱི་འདོམས་བྱས་ནས། རྒྱ་ཆེའི་འགྲུལ་པ་འགྲོ་སྐྱོད་ཡག་པོ་དང་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པའི་འགན་ལེན་བྱེད་དང་བྱེད་མུས་ཡིན་པ་རེད།
  2023ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་7ཉིན་ནས་འགོ་ཚུགས་ཏེ་ཟླ་2ཚེས་15ཉིན་མཇུག་འགྲིལ་རྒྱུ་དང་ཁྱོན་ཉིན་40ཡིན་པ་རེད། འགྲུལ་རྒྱུན་མང་བའི་དུས་སུ་དུས་གཏན་གནམ་གྲུའི་སྤ་སེ་དཀོན་པ་སོགས་ཀྱི་གནས་ཚུལ་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྔོན་ནས་ཇུས་འགོད་དང་གནད་སྨིན་ཇུས་འདོན་བྱས་ཏེ། འགྲུལ་པ་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། མཁའ་འགྲུལ་ཀུང་སི་ཁག་གིས་བོད་ཀྱི་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་བཏང་ནས་ཁྲེང་ཏུའུ་ནས་ལྷ་ས་བར་དང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཁྲུང་ཆིང་ནས་ལྷ་ས། ཁུན་མིང་ནས་ལྷ་ས། ཁྲེང་ཏུའུ་ནས་གཞིས་རྩེ་སོགས་ཀྱི་དུས་གཏན་གནམ་གྲུ་ཇེ་མང་དང་སླར་གསོ་བྱེད་རྩིས་ཡོད་པ་རེད། སྔོན་དཔག་ལྟར་ན། ཉིན་40ཡི་དཔྱིད་གསར་སྐྱེལ་འདྲེན་རིང་ལྗོངས་ནང་ཁུལ་གྱི་གནམ་ཐང་ཁག་ནས་དུས་གཏན་གནམ་གྲུ་འགྲོ་འོང་བྱེད་ཚད་ཐེངས་གྲངས་5040ཟིན་ནས་རྐུབ་བཀྱག་ཁྲི་75མཁོ་འདོན་ཐུབ་པ་དང་། དེའི་ནང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་སྔོན་དཔག་བྱས་ན། གནམ་གྲུ་ཐེངས་3200(ཉིན་རེའི་གནམ་གྲུ་གཏོང་ཐེངས་80ཙམ་ཟིན་པ)བཏང་ནས་རྐུབ་བཀྱག་ཁྲི་51མཁོ་འདོན་བྱེད་རྒྱུ་རེད།
  གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྔོན་དཔག་ལྟར་ན། འགྲུལ་པ་མི་ཐེངས་ཁྲི་12སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་མི་ཐེངས་3000ཟིན་རྒྱུ་རེད།
  རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག