ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཤངས་ཆུ་ལྟེ་བའི་ཆུ་བེད་ཀྱི་འཕྲུལ་ཚན་ཐོག་མའི་དཔྱང་འདེགས་ལྷུ་སྒྲིག་ལེགས་གྲུབ་བྱུང་བ།

2023-01-10
         ཉེ་ཆར། བོད་ལྗོངས་ཤངས་ཆུ་ལྟེ་བའི་ཆུ་བེད་ཀྱི་འཕྲུལ་ཚན་ཐོག་མའི་ཐེངས་གཅིག་རང་བཞིན་གྱི་དཔྱང་འདེགས་ལྷུ་སྒྲིག་ལེགས་གྲུབ་བྱུང་ནས་འཕྲུལ་ཚན་ཐོག་མས་དྲ་སྦྲེལ་གློག་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། བོད་ལྗོངས་ཤངས་ཆུ་ལྟེ་བའི་ཆུ་བེད་ཀྱི་ལས་གྲྭ་དེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་སུ་གནས་པ་དང་། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.13ཙམ་ཟིན་པ། གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་40ཟིན་པ། ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.38ཟིན་པ། ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་འཆར་འགོད་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་12.49ཟིན་པ། ལོར་ཆ་སྙོམས་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.11ཟིན་པ་བཅས་རེད། འདི་ནི་བོད་ལྗོངས་ཤངས་ཆུ་ལྟེ་བའི་ཆུ་བེད་ཀྱི་འཕྲུལ་ཚན་ཐོག་མའི་དཔྱང་འདེགས་ལྷུ་སྒྲིག་བྱ་ཡུལ་ཡིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག