ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི་832ཚུར་བླངས་འདུག

2023-01-10
     གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་བཤེར་རུ་ཆེན་དུ་འབྱོར་སྐབས། ལས་དོན་མི་སྣ་བསྟན་འཛིན་དཔལ་མོས “12333”བྱ་རིམ་ཆུང་ངུའི་གླ་ཆ་འགྱངས་ཆད་ཀྱི་ཁུངས་སྣེ་འདོན་སའི་སྟེགས་བུ་སྤྱད་དེ། ཞིང་པ་ལས་མིས་བཏོན་པའི་གླ་ཆ་འགྱངས་ཆད་ཀྱི་ཁུངས་སྣེ་རེ་རེ་བཞིན་ལ་ལན་རྒྱག་བཞིན་ཡོད་པ་དང་། རུ་ཆེན་དེའི་ལས་དོན་མི་སྣ་གཞན་དག་གིས་ཀྱང་གླ་ཆ་འགྱངས་ཆད་ཀྱི་གནད་དོན་གོང་ཞུ་བྱེད་པར་ཡོང་བའི་ཞིང་པ་ལས་མིར་སྣེ་ལེན་ཞུ་བཞིན་ཡོད་པ་རེད།
     ཉེ་བའི་དུས་མཚམས་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་མཛུབ་ཁྲིད་འོག ཁྲེང་ཀོན་ཆུས་ཀྱིས“ཞིང་པ་ལས་མིར་དཔྱིད་དྲོད་སྐྱེལ་བའི”ཞབས་ཞུའི་བྱ་སྤྱོད་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས་ཁོངས་གཏོགས་ཁུལ་གྱི་གླ་ཆ་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཤིང་། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་གྱི་རུ་དཔོན་ཀྲང་ཏི་ཁོའོ་ཡིས། ད་ལོ་ཚུན། ང་ཚོས་ངལ་རྩོལ་འགན་སྲུང་དང་ལྟ་བཤེར་ཞུ་གཏུག་གྱོད་གཞི་107ཐག་གཅོད་བྱས་པ་དེ་ངལ་རྩོལ་པ་661དང་འབྲེལ་བ་ཡོད་པ་དང་། ངལ་རྩོལ་ཐོབ་ཆ་སྒོར་ཁྲི་832ཚུར་བླངས་ཐུབ་ཅིང་།  ཁྲིམས་འགལ་བྱེད་སྤྱོད་ཆེན་པོ་8སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཡོད་ཅེས་བཤད་འདུག
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱས་ནས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་བཅོས་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། མཉམ་འཛིན་མཉམ་སྒྲུབ་དང་གོང་འོག་མཉམ་འགུལ་བྱས་པ་བརྒྱུད། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཞིག་ཆགས་ཡོད་པ་རེད། མིག་སྔའི་བར། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་12345ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱུད་འབྱོར་བའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁག་163ཐག་གཅོད་བྱས་པ་དང་། 12333གྱི་བློ་འདྲིའི་ཐད་སྦྲེལ་ཁ་པར་བརྒྱུད་འབྱོར་བའི་གླ་ཆ་ཆད་པའི་གནད་དོན་ཁག་295ཐག་གཅོད་བྱས་པ། རིགས་ཁག་གི་གྱོད་གཞི་ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་ཐག་གཅོད་བྱེད་ཚད་95%ཡན་ཟིན་པ་རེད། ཨར་སྐྲུན་ཁེ་ལས་8ཀྱིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་དངུལ་སྒོར་ཁྲི་8000ལྷག་འཇལ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། མི་སྤྱོད་ཚན་པ་98ལ་ཞིབ་བཤེར་བྱས་པ་དེ་ངལ་རྩོལ་པ་1100ལྷག་ཙམ་དང་འབྲེལ་བ་ཡོད་པ། ཁ་པར་རྒྱག་མཁན་དང་། འཕྲིན་ཡིག་བསྐུར་མཁན། ངོ་བཅར་འདྲི་རྩད་བྱེད་མཁན་བཅས་ཀྱི་མི་ཐེངས་600ལྷག་ལ་སྣེ་ལེན་ཞུས་པ་རེད།
     ཀྲང་ཏི་ཁོའོ་ཡིས། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་འགན་སྲུང་ལྟ་བཤེར་རུ་ཆེན་གྱིས་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ངལ་རྩོལ་ཐོབ་ཆ་སྤྲོད་རྒྱུ་ཁས་མི་ལེན་པའི་དོགས་ཡོད་ཉེས་གསོག་བྱེད་སྤྱོད་ལ་དམིགས་ནས། ཁྲིམས་འགལ་གྱི་དོན་དངོས་རྩད་གཅོད་བྱས་ཏེ་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་པ་དང་འབྲེལ་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱས་ནས། མི་གཅིག་གི་འགན་འཁྲི་རྩད་གཅོད་ཀྱིས་མི་མང་པོར་ཟིལ་གནོན་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པ་བྱ་རྒྱུ་དང་། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།
འབྲེལ་ཡོད་རྩོམ་ཡིག