ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

སུམ་མདོ་ཀིརྟིའི་དགོན་རིག་འཛིན་བདེ་ཆེན་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

2018-03-15 འབྲིང་བ་སྨོན་ལམ།

རྗེ་བཙུན་བྱམས་པ་ལ་མཆོད་པར་བརྗོད་པ།།

འགྲོ་བའི་ཉོན་མོངས་དུག་གསུམ་རྨེག་མེད་འཇོམས།།

འགྲོ་དྲུག་སེམས་ཅན་བྱམས་པའི་དཔལ་གྱིས་སྐྱོང་།།

འགྲོ་རྣམས་བྱམས་ཀྱིས་སངས་རྒྱས་ས་ལ་འགོད།།

འགྲོ་ལ་བརྩེ་བའི་རྗེ་བཙུན་བྱམས་པར་འདུད།།

 

གཏོར་རྒྱག་གི་ཟུར་ཙམ་གླེང་བ།

ཕྱི་ཡི་དགྲ་དགེགས་མཚོན་དང་ཐབས་ཀྱིས་གཞོམ།།

ནང་གི་སྒྲིབ་གཉིས་དོན་དམ་རིག་པས་བཅོམ།།

བདུད་བཞིའི་དམག་ཚོགས་རང་སར་ཞི་མཛད་པས།།

འགྲོ་བའི་ལས་རྣམས་ལྷུན་གྱིས་འགྲུབ་པར་ཤོག།

 

མེ་ཏོག་མཆོད་པ་ལ་བསྔགས་པ་བརྗོད་པ།

དྲི་བྲལ་དཔལ་ལས་གྲུབ་པའི་མཆོད་པའི་རྫས།

ཕུལ་བྱུང་མེ་ཏོག་མཆོད་པའི་དགེ་ཚོགས་འདིས།

སྐྱེ་དགུའི་ལས་དོན་མཐའ་དག་ལྷུན་འགྲུབ་ངང་།

རང་སའི་བདེ་བའི་དཔལ་ལ་རོལ་བར་སྨོན།

འབྲེལ་ཡོད་རྩོམ་ཡིག