ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

“གངས་ལྗོངས་ཀྱི་གསང་བ་སྟེ། རྒན་སྐལ་བཟང་ལགས་ཀྱི་རེབ་གོང་ཐང་གའི་རིག་གནས་དགེ་སྒྲུབ་ཀྱི་འགྲུལ་བཞུད་ལས་ཧྲི་ཅ་ཀྲོང་ས་ཚིགས” ཀྱི་འགྲེམས་སྟོན་གྱི་འགོ་ཚུགས་པ།

2018-05-18 པད་མས་བསྒྱུར།
རེབ་གོང་ཐང་གའི་བརྩམས་ཆོས་འགྲེམས་སྟོན།
བྱེད་སྒོ་སྤེལ་ཡུལ།
                ཟླ5པའི་ཚེས16 ཉིན། “གངས་ལྗོངས་ཀྱི་གསང་བ་སྟེ—— རྒན་སྐལ་བཟང་ལགས་ཀྱི་རེབ་གོང་ཐང་གའི་རིག་གནས་དགེ་སྒྲུབ་ཀྱི་འགྲུལ་བཞུད་ལས་ཧྲི་ཅ་ཀྲོང་ས་ཚིགས”འགྲེམས་སྟོན་དེ་ཧོ་པེ་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།
                ཐང་ག་ཞེས་པ་ནི་གོས་ཆེན་ཚོན་ཁྲར་མཛེས་བཟོ་བྱས་རྗེས་གྱང་ངོས་སུ་བཀལ་ཏེ་མཆོད་པ་བྱེད་པའི་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་རི་མོ་ལ་ཟེར་ཞིང་། དེ་ནང་དོན་ནི་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གནས་དང་སྤྱི་ཚོགས་ཀྱི་འཚོ་བ་སོགས་ཁྱབ་ཁོངས་མང་པོ་ཞིག་དང་འབྲེལ་ཡོད། སྲོལ་རྒྱུན་ལྟར་ན་ཐང་ག་ཚང་མར་གསེར་དང་། དངུལ། མུ་ཏིག མ་ནོ། བྱུ་རུ། གཡུ། རྡོ་མརྒད། མཚལ་སོགས་གཏེར་དངོས་ཀྱི་རིན་ཆེན་རྩ་ཆེའི་རིགས་དང་། ཁ་ཆེ་གུར་གུམ་དང་།  ལྕུམ།  མཐིང་སྔོན་སོགས་ཀྱི་སྐྱེ་དངོས་མ་བཅོས་རྒྱུ་ཆ་བྱས་ཤིང་། དེ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་རྩལ་གྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན་པས། ཀྲུང་གོའི་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་ཁྱད་ནོར་དང་། བོད་ཀྱི“ ཤེས་བྱ་ཀུན་འདུས་ཀྱི་དཔེ་དེབ”ཅེས་འབོད་ལ།  ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཧ་ཅང་རྩ་ཆེ་བའི་དངོས་མིན་ཤུལ་བཞག་རིག་གནས་ཤིག་ཀྱང་ཡིན། ཐང་གའི་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། རེབ་གོང་ཐང་གར་སྙན་གྲགས་དང་ཤུགས་རྐྱེན་ཅུང་ཆེན་པོ་ལྡན་ཡོད་པ་རེད།
  
རྒན་སྐལ་བཟང་།
                ད་ཐེངས་ཀྱི་འགྲེམས་སྟོན་བྱེད་སྒོར་རྒན་སྐལ་བཟང་ལགས་ཀྱིས་གསར་རྩོམ་གནང་བའི་བརྗོད་གཞི་རྒྱ་ཆེ་ཞིང་མཛེས་ཤིང་ལྟ་ན་སྡུག་པའི་རེབ་གོང་ཐང་གའི་བརྩམས་ཆོས་བརྒྱད་ཅུ་ལྷག་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་བྱས་པའི་བརྩམས་ཆོས་ཀྱི་བཀོད་པ་ནི་མཐོང་རྒྱ་ཆེ་བ་དང་། བསམ་གཞིགས་ཅུང་ཁ་འཐོར་ཡིན་པས་ཤུགས་རྐྱེན་ཐེབས་ནུས་ཆེན་པོ་ལྡན་ཞིང་། འབྲི་རྩལ་གྱི་ཐད་ནས་ཚོན་མདོག་གཙིགས་ནས་བཟུང་ནས་ཚོན་མདངས་བཀྲག་ཆེ་བ་དང་། རི་མོའི་བཀོད་པར་བརྟོལ་མཐོང་རི་མོའི་མཚོན་བྱ་བཀོད་སྒྲིག་བྱས་ཏེ་རི་མོ་དེ་བས་ལངས་གཟུགས་རང་བཞིན་གྱི་ཚོར་བ་ལྡན།  པར་རིས་ཐོག་གི་ལྷ་སྐུ་དང་། གོས་སྐུ། རི་ཆུ། རྩྭ་རྩི་མེ་ཏོག རི་དྭགས་འདབ་ཆགས། འདུག་གནས་ཀྱི་བར་ཁྱམས་སོགས་ཞིབ་ཕྲ་བྲིས་པ་གསོན་ཉམས་ལྡན་ཞིང་། ཚོན་གྱི་བཀོད་པར་དོ་སྣང་ཆེན་པོ་བྱས་ཏེ་ཞིབ་ཕྲའི་ཆ་རེ་བྲིས་པ་གསོན་ཉམས་དང་བཀྲག་མདངས་ལྡན།
  བྱེད་སྒོ་སྤེལ་ཡུལ།
                རྒན་སྐལ་བཟང་ལགས་ནི་ད་ཆ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ་རེབ་གོང་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། མཚོ་སྔོན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་མཁས་པ་དང་། མཚོ་སྔོན་རེབ་གོང་མི་རིགས་རིག་གནས་ཕོ་བྲང་སྲོལ་འབྱེད་མཁན་དང་། རེབ་གོང་རིག་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཧྥེ་ཐེང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་གཙོ། རེབ་གོང་རིག་གནས་དྲིལ་བསྒྲགས་ཀྱི་གཞུང་ཚབ་ཆེ་མོ་བ་དང་། ཀྲུང་དབྱང་གི་རིག་གནས་དོ་དམ་ལས་བྱེད་པའི་སློབ་གླིང་སྟེ་སྒྱུ་རྩལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་དང་། མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་གི་ཆབ་གྲོས་ཀྱི་ཨུ་ཡོན་སོགས་ཡིན། 
                རྒན་སྐལ་བཟང་གིས་དུས་ཡུན་རིང་པོར་རིག་གནས་རྒྱུན་འཛིན་དང་སྤྱི་ཕན་གྱི་བྱ་གཞག་ལ་གཞོལ་ཞིང་། ཁོང་གིས་ད་ཐེངས་ཀྱི་དགེ་སྒྲུབ་རིག་གནས་ཀྱི་འགྲུལ་བཞུད་ཧྲི་ཅ་ཀྲོང་དུ་ཡོང་བ་འདིས་ཚང་མས་མཉམ་གཅིག་ཏུ་བརྩམས་ཆོས་ཁྲོད་མངོན་པའི་མཛེས་སྡུག་ལྡན་པའི་ཡུལ་ཁམས་དང་། དེ་བཞིན་དེའི་ནང་འདུས་པའི་ཀྲུང་ཧྭ་ཕུལ་བྱུང་རིག་གནས་ཀྱི་རྨང་གཞིའི་མྱོང་བ་ཚོར་ཐུབ་པ་དང་།  རྣམ་པ་དེ་བས་མང་པོའི་རིག་གནས་ཀྱི་བྱེད་སྒོ་བརྒྱུད་ནས་སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤེལ་བྱ་ཐུབ་པའི་རེ་བ་ཡོད་ཅེས་གསུངས།
                ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་འདི་ནི་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གིས་གཙོ་གཉེར་བྱས་པ་དང་། ཧོ་པེ་སེན་ཡེན་དབྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་། ཧོ་པེ་ཅིན་གོ་ཧྲི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི། ཧྲི་ཅ་ཀྲོང་ཏན་རན་ཁང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་སྒྲུབ་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག