ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

“ཀྲུང་གོའི་མི་རིགས་ཀྱི་གནའ་དཔེ་དཔར་གསར་གྲུབ་འབྲས་བཀྲམས་སྟོན”་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ།

2016-02-04
        ཟླ་2པའི་ཚེས་4ཉིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་ཞིབ་འཇུག་ཁང་། མི་རིགས་རིག་གནས་ཕོ་བྲང་། པེ་ཅིན་མི་རིགས་གནའ་དཔེ་ལེགས་སྒྲིག་པར་སྐྲུན་འཆར་འགོད་ཚན་ཆུང་ཁང་བཅས་ཀྱིས་མཉམ་དུ་བསྒྲུབ་པའི་“ཀྲུང་གོའི་མི་རིགས་ཀྱི་གནའ་དཔེ་དཔར་གསར་གྲུབ་འབྲས་བཀྲམས་སྟོན”མཛད་སྒོ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་སོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་མཛད་སྒོར་ཞུགས་ནས་གཏམ་བཤད་སྤེལ། རྒྱ་ཡིག བོད་ཡིག སོག་ཡིག་སོགས་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཅུ་གྲངས་ལྷག་གི་གནའ་དཔེ་དཔར་གསར་སྣ་གྲངས་200ལྷག་དུས་གཅིག་བཀྲམས་ཡོད། དེའི་ཁྲོད་གནའ་དཔེ་དཀོན་པོ་དང་ཞིབ་འཇུག་གི་རིན་ཐང་ཆེ་བ་མང་པོ་འདུས་ལ། ཀྲུང་གོའི་གནའ་དཔེ་དཔར་གསར་གྲངས་ཉུང་མི་རིགས་སྐད་ཡིག་དཔེ་ཚོགས། གསེར་བྲིས་བསྟན་འགྱུར། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་བཅས་དཔེ་དཀོན་མང་པོ་འདུས། ཐེངས་འདིའི་བཀྲམས་སྟོན་ལོ་གསར་རྗེས་ཀྱི་ཟླ་3པའི་ཚེས་18བར་རིན་མེད་དུ་ལྟད་མོ་བར་སྒོ་འབྱེད་འཆར་བྱས་ཡོད།
ཀྲུང་གོའི་མི་རིགས་ཀྱི་གནའ་དཔེ་དཔར་གསར་གྲུབ་འབྲས་བཀྲམས་སྟོན་མཛད་སྒོ།
        རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་སོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་བཀྲམས་རའི་ཡུལ་དངོས་སུ་ཕེབས་ནས་གཟིགས་ཞིབ་གནང་བཞིན་པ།
《ཚད་མ་རིགས་གཏེར་》ཧོར་པར་མའི་དཔར་གསར་བ།
ཧྥ་རན་སི་དང་དབྱིན་ཇིར་ཉར་ཚགས་བགྱིས་པའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་གྱི་དཔར་གསར་བ།
བོད་ཀྱི་གསོ་རིག་གི་གནའ་དཔེ་དཀོན་པོའི་དཔར་གསར་བ།
བོན་གྱི་དཔེ་རྙིང་གི་དཔར་གསར་བ།
གསུང་འབུམ་བྲིས་མའི་དཔར་གསར་གྱི་དཔེ་ཚོགས།
སོག་ཡིག་གི་གནའ་དཔེ་གྲགས་ཅན་《སོག་པོའི་གསང་བའི་ལོ་རྒྱུས》ཀྱི་དཔར་གསར་བ།
ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་སྐབས་གསེར་བྲིས་གནང་བའི་བསྟན་འགྱུར་གྱི་དཔར་གསར་བ།
བོན་གྱི་གསོ་རིག་བསྟན་བཅོས་ཀྱི་དཔར་གསར་བ།
ཀློག་པ་པོས་རང་མོས་ཀྱིས་གྲངས་ཉུང་མི་རིགས་དཔེ་རྙིང་དཔར་གསར་ལྟ་ཀློག་བྱེད་བཞིན་པ།
(གདན་ཞུའི་གསར་འགོད་པ། བྱམས་པ།)
འབྲེལ་ཡོད་རྩོམ་ཡིག