ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

“སྨན་གསར་ལུགས”ཀྱི་ཐང་གའི་དེང་རབས་ཀྱི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་སྐོར་སྐྱོད་འགྲེམས་སྟོན་དངོས་སུ་འགོ་ཚུགས་པ།

2018-04-04 པད་མས་བསྒྱུར།

རི་མོ་འདི་ནི་འགྲེམས་སྟོན་བྱས་པའི་ཐང་ག་རེད།
           ཀྲུང་གོའི་བོད་ལྗོངས་དྲ་བའི་ནས་གནས་ཚུལ་འབྱོར་གསལ། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པའི་རྩེད་མོ་འགངས་ཆེན་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་སྨན་གསར་ལུགས་ཀྱི་ཐང་གའི་དེང་རབས་ཀྱི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་བརྒྱ་ལྷག་བོད་ལྗོངས་སུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པའི་གནས་ཚུལ་དེ་ཕྱོགས་གང་སར་ཁྱབ་པ་རེད། ཟླ3པའི་ཚེས30ཉིན་གྱི་སྔ་དྲོ། སྐོར་སྐྱོད་འགྲེམས་སྟོན་དེ་ཉིང་ཁྲི་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་ཤིང་། ཐེངས་འདིའི་འགྲེམས་སྟོན་དེ་བསྡོམས་པས་བསྟུད་མར་ཉིན་བདུན་རིང་སྤེལ་རྒྱུ་རེད།

རི་མོ་འདི་ནི་འགྲེམས་སྟོན་བྱས་པའི་ཐང་ག་རེད།
           སྨན་གསར་ལུགས་ཀྱིས《ཐིག་རྩ》དེ་ལྡེབས་རིས་དང་ཐང་ག་འབྲི་བའི་ཚད་གཞིར་བཟུང་སྟེ་རིམ་བཞིན་ནང་བསྟན་གྱི་རི་མོའི་ཚད་གཞིའི་རྣམ་པ་གྲུབ་སྟེ། “ཚད་གཞི་རྣམ་པའི”ཤུགས་རྐྱེན་བྱེད་ཤུགས་ཆེས་ཆེ་བས་རྒྱ་ཆེའི་མི་དམངས་རང་བཞིན་མཚོན་ཏེ་རྒྱ་ཆེའི་ཤུགས་རྐྱེན་བྱེད་ཤུགས་གྲུབ་པ་རེད།
           འགྲེམས་སྟོན་རིང་།སྨན་གསར་ལུགས་ཀྱི་ལག་བྲིས་ཐང་ག་དང་། འཚེམ་དྲུབ་ཐང་ག་སྤུས་དག་འགྲེམས་སྟོན་བྱེད་པ་ཕུད།ད་རུང་རི་མོའི་སྒྱུ་རྩལ་དང་།ལོ་རྒྱུས་ཀྱི་པར་རིས་དང་།ཆེད་བརྗོད་བརྙན་ལམ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་རྣམ་པས་འགྲེམས་སྟོན་དང་ཕན་ཚན་དབར་འབྲེལ་འདྲིས་བྱས།
           བརྩམས་ཆོས་ཀྱི་འགུལ་མེད་འགྲེམས་སྟོན་དང་རི་མོ་བས་ཡུལ་དངོས་སུ་ཐང་ག་འབྲི་བའི་གསོན་རྣམ་གྱི་འགྲེམས་སྟོན་བྱས་པ་བརྒྱུད། སྨན་གསར་ལུགས་ཀྱི་ལོ་རྒྱུས་རྒྱུན་འཛིན་གྱི་མ་ལག་དང་། དཔེ་རིས་ཀྱི་རས་གཞིའི་ལག་རྩལ་གྱི་གོ་རིམ་དང་། སྨྱུ་གུའི་བཀོལ་ཆས་བཟོ་བའི་ལག་རྩལ་གྱི་བརྒྱུད་རིམ། གཏེར་( སྐྱེ་དངོས)རྫས་ཀྱི་ཚོན་རྫས་བཟོ་བའི་ལག་རྩལ་གྱི་བརྒྱུད་རིམ་དང་། ཐང་ག་བཟོ་རྩལ་གྱི་བརྒྱུད་རིམ་སོགས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས།

རི་མོ་འདི་ནི་འགྲེམས་སྟོན་བྱས་པའི་ཐང་ག་རེད།
           ད་ཐེངས་ཀྱི་ཐང་གའི་འགྲེམས་སྟོན་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་ཐེངས་དང་པོར་སྤེལ་བའི་གཞི་ཁྱོན་ཆེ་ཤོས་དང་། ཆེད་ལས་ཅན་གྱི་ཆེ་ཤོས། སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཤོས་དང་།མྱོང་རོལ་རང་བཞིན་ཆེས་ཆེ་བའི་ཐང་གའི་འགྲེམས་སྟོན་ཆེ་གྲས་ཤིག་ཡིན་ཞིང་། དེར་མང་ཚོགས་ཀྱི་དུས་ཆེན་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གྲུབ་འབྲས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱ་བར་ནུས་པ་འགངས་ཆེན་ལྡན་ནོ། །

རི་མོ་འདི་ནི་ཐང་ག་འགྲེམས་སྟོན་གྱི་ཡུལ་དངོས་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། སྐོར་སྐྱོད་འགྲེམས་སྟོན་ཧྲིལ་བོའི་འཁོར་ཡུན་ནི་ལོ་གཉིས་ཡིན་ཏེ། 2018ལོའི་ཟླ3པ་ནས2019ལོའི་ལོ་མཇུག་ཏུ་བར་དུ་སྤེལ་རྒྱུ་རེད། སྐོར་སྐྱོད་འགྲེམས་སྟོན་དེ་འགྲེམས་ཐེངས་བདུན་དུ་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་ཀྱི་ས་གནས་དང(གྲོང་ཁྱེར་)བདུན་དུ་སོ་སོར་ཐེངས་གཅིག་རེ་འགྲེམས་སྟོན་བྱ་རྒྱུ་རེད། སྐོར་སྐྱོད་འགྲེམས་སྟོན་དེ་ས་གནས་(གྲོང་ཁྱེར་)བདུན་པོས་ལོ་རེར་སྤེལ་བའི་རིག་གནས་ཡུལ་སྐོར་དུས་ཆེན་འགངས་ཆེན་གྱི་བྱེད་སྒོ་གཞིར་བཅོལ་ཏེ་སྤེལ་རྒྱུ་ཡིན་ཞིང་། དེ་སོ་སོ་ཉིང་ཁྲི་དང་། མངའ་རིས། ལྷོ་ཁ། ལྷ་ས། ནག་ཆུ། ཆབ་མདོ། གཞིས་རྩེ་སོགས་སུ་སྐོར་འགྲེམས་བྱ་རྒྱུ་རེད། མཇུག་སྒྲིལ་བའི་སྐོར་སྐྱོད་འགྲེམས་སྟོན་དེ2019 ལོའི་ལོ་མཇུག་སྔོན་ལ་གཞིས་རྩེ་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་རེད།

རི་མོ་འདི་ནི་ཐང་ག་འགྲེམས་སྟོན་གྱི་ཡུལ་དངོས་རེད།
           ད་རེས་ཀྱི་སྐོར་སྐྱོད་འགྲེམས་སྟོན་འདི་གཉེར་བའི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་ཀྱིས་རིག་གནས་ཀྱི་གདེང་ཚོད་ཇེ་མཐོ་དང་། ལྷ་བྲིས་པ་རྣམས་ཚོང་རར་ཞུགས་པ་དང་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་གྱི་སྤྲོ་སེམས་མཐོར་འདེགས་སུ་བཏང་སྟེ་འབད་པ་ཆེན་པོས་རིག་གནས་ཐོན་ལས་སུ་དོ་མི་མཉམ་པ་དང་འཐུས་མི་ཚང་བའི་ཞན་ཆའི་རིགས་ཁ་གསབ་དང་འཕེལ་རྒྱས་བཏང་སྟེ། བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་ཐོན་ལས་འཕེལ་རྒྱས་དང་དར་རྒྱས་སུ་འགྲོ་བར་རོགས་འདེད་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཀྲུང་ཧྭ་ཤེས་རིག་དར་སྤེལ་གྱི་རིག་གནས་ཀྱི་ལས་འགན་འཁུར་ཏེ་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ་རིག་གནས་ཀྱི་སྟོབས་ཤུགས་དེ་བས་ལྕི་མོ་དང་ཡུན་རིང་པོ་ཕུལ་དགོས།

རི་མོ་འདི་ནི་ཐང་ག་འགྲེམས་སྟོན་གྱི་ཡུལ་དངོས་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནོར་བུ་སྲི་ཐར་གྱིས་ད་དུང་ཟླ4པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད11སྟེང་ཉིང་ཁྲི་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་ཐོག་ཁང་གཉིས་པར་ཐང་གར་སྤྲོ་བ་ཡོད་མཁན་རྣམས་ལ་སྤྱི་ཕན་རང་བཞིན་གྱི་འཆད་ཁྲིད་ཅིག་སྤེལ་རྒྱུ་རེད། 
འབྲེལ་ཡོད་རྩོམ་ཡིག