ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་ལྗོངས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རོལ་རྩེད།

2018-04-09 ཚེ་རིང་གིས་བསྒྱུར།
          ཤོ་ནི་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཡི་ཆེད་སྤྱོད་རོལ་རྩེད་ཅིག་གཏན་ནས་མ་ཡིན་མོད།  ང་ཚོས་གངས་ལྗོངས་ཀྱི་ཡུལ་གྲུ་རུ་དུས་རྒྱུན་མི་རྣམས་མ་ཅཱང་རྩེད་དུས་རོལ་རྩེད་འདི་གང་སར་སྤྱོད་པའི་རྣམ་པ་དེ་མ་གཏོགས་གཞན་ནས་མཐོང་མི་ཐུབ། ཡིན་ནའང་དེའི་སྤྱོད་སྒོ་ད་དུང་ཧ་ཅང་ཆེ་བ་རེད།  འོན་ཀྱང་གནས་དང་དུས་ག་ཚོད་ལ་སླེབས་ཀྱང་དེས་ཕན་ཅུང་ཟད་ཀྱང་འདོགས་ཐབས་མེད། དེ་དག་ཚང་མ་ནི་མི་རྣམས་ཀྱི་རོལ་རྩེད་དང་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པས།  སྤུས་དག་དྭངས་གཙང་གི་རོལ་རྩེད་ཀྱི་བྱ་འགུལ་ཞིག་ལ་གཏོགས་མ་ཟད།  དེ་ནི་བོད་མི་རིགས་ཀྱི་རོལ་རྩེད་ཡོ་བྱད་ཁོ་ན་ཙམ་མ་ཡིན་པར་རྒྱ་དང་མི་རིགས་གཞན་མང་པོ་ཞིག་གི་རོལ་རྩེད་ཡོ་བྱད་ཅིག་ཀྱང་ཡིན་པ་རེད།
          བོད་མི་རིགས་ཀྱི་རོལ་རྩེད་ཤོའི་སྒྲིག་སྲོལ་དང་མི་རིགས་གཞན་གྱི་ཤོའི་རྩེད་སྟངས་ཀྱི་སྒྲིག་སྲོལ་གཉིས་བསྡུར་ན།  བོད་ཀྱི་ཤོའི་རིག་གནས་ལ་རང་ཉིད་ཀྱི་ཁྱད་ཆོས་མང་བོ་ཡོད་པ་རེད།  ཁྱད་ཆོས་གཅིག་ནི་སྤྱོད་ཆས་ནི་ཁོག་ཆེ་ལ་ཁ་ཆུང་བའི་བོད་ཀྱི་ཤིང་གི་དཀར་ཡོལ་ཞིག་ཡིན་ལ།  གདན་ཟླུམ་པོ་ཞིག་བཏང་རྗེས་ཧ་ལམ་མཐོ་ཚད་ལ་ཚུན་གཅིག་ཡོད་པའི་གདན་གྱི་དཀྱིལ་དུ་མཐོ་སྒང་གི་རྒྱུན་སྤྱོད་ནོར་ལུག་གི་རྩིད་པ་དང་བལ་གྱིས་བཟོས་པའི་ཐོན་རྫས་ཤིག་གི་སྟེང་དུ་ཤོ་མིག་གཉིས་སྤྱོད་པ་དང་།  དེ་ལ་རུས་པས་བཟོས་པའི་ཐོན་རྫས་དང་འགྱིག་གིས་བཟོས་པའི་ཐོན་རྫས་རིགས་གཉིས་ཡོད།  ད་རུང་གླང་ཆེན་གྱིས་བ་སོ་སོགས་ཀྱིས་བཟོས་པའི་ཤོ་རྡེའུ་རེ་འགའ་ཡོད་ཀྱང་ས་གནས་སུ་སྤྱོད་པ་ཧ་ཅང་ཉུང་།  འགྱིག་རྡེའུ་རུ་གྱུར་བའི་དངོས་པོའི་རྒྱུ་ཆ་སླར་རང་ས་ནས་བླངས་ཆོག  དེ་ལ་ཁ་མདོག་རིགས་གསུམ་ཡོད་པ་དང་ཁ་མདོག་ལ་རེ་ལ་ལེབ་མོ་དགུ་ཡོད་པའི་དངོས་པོ་དང་རྡེའུ་༡༠༨ཡོད་པ་དག་ནི་བོངས་ཆུང་ལ་སྟབས་བདེ། ཁྱད་ཆོས་གཉིས་པ་ནི་ཤོ་རྩེ་བའི་མི་ལ་ཚད་བཀག་ཡོད།  གཉིས་དང་བཞི།  དྲུག  མི་མང་བོའི་སྐབས་སུ་མི་གཉིས་ཚོ་ཆུང་གཅིག་ཏུ་བཟོ་དགོས། ཁྱད་ཆོས་གསུམ་པ་ནི་སྒྲིག་སྲོལ་ལྟར་ཤོ་རྡེའུ་ཡི་ཆེ་ཆུང་མི་གཙོ་ལ།  གྲངས་ཀ་གསལ་བོ་རྩིས་རྗེས་གཞི་གཅིག་ཏུ་བསྲེས་དགོས་པ་དང་དེའི་སྟེང་རང་ཉིད་ཀྱི་ཤོ་རྡེའུ་སྣོན་དགོས། ཡང་ན་ཁ་གཏད་ཀྱི་ཤོ་རྡེའུ་བཟའ་དགོས།
          རོལ་རྩེད་འདིའི་ཁྲོད།  མི་རིགས་ཀྱི་ཁྱད་ཆོས་མངའ་བའི་ཤོ་རྡེའུ་ལེན་སྐབས་ཁ་ནང་ནས་ཚིག་སྣ་ཚོགས་ཤིག་འདོན་པ་རེད།  ཤོ་རྡེའུ་གཉིས་ཀྱི་ཨང་གྲངས་ནི་༢དང་༡༢དང་།  ཨང་གྲངས་རེ་རེ་ནི་མི་རྣམས་ཀྱི་རོལ་རྩེད་ཁྲོད་ཀྱི་རྒྱལ་ཕམ་ལ་འབྲེལ་བ་ཆེན་པོ་ཡོད།  མི་རྣམས་ལ་མཁོ་གལ་ཆེ་བའི་ཨང་གྲངས་ཁེལ་རྒྱུ་ནི་ཆེས་གལ་ཆེ་བོ་རེད།  འདི་ལས་མི་གཞན་རྣམས་ཀྱིས་ཤོ་རྡེའུ་དང་འབྲེལ་བ་ཡོད་པའི་ཚིག་མང་བོ་བརྩམས་ཡོད།  དཔེར་ན་ས་ལ་རྡེའུ་གཉིས་བབས་ན།  འདི་ལྟར་ “གཉིས་ཀ་ཡོང་བ་མི་འཕྱི་མི་སྔ་ལ།  ང་ལ་མཁོ་བ་ངས་ལག་ནས་འགྲོ་ས་མེད་”ཅེས་བཤད་པ་རེད། ཡང་ས་ལ་རྡེའུ་གསུམ་བབས་ན།  འདི་ལྟར་  “དགེ་བཤེས་རྟ་ཐོག་ནས་ས་ལ་ལྷུང་སོང་།  རྟ་ཐོག་ནས་འབབ་མ་དགོས་པར་སྟབས་ལེགས་ནས་ལྷུང་སོང་། ” འདི་ལྟར་་་་་་་་་ ས་ལ་རྡེའུ་གྲངས་༡༢ཡོང་རག་བར་དུ་འདི་འདྲའི་བཤད་རྒྱུན་མང་བོ་ཡོད་པ་རེད།  འོན་ཀྱང་ཚིག་འདི་དག་གི་ཚིག་ལའང་འགྱུར་བ་མེད་ལ།  དེའི་ནང་དོན་དངོས་གནས་ཕུན་སུམ་ཚོགས་པ་ཞིག་ཡིན།  གནས་ཆེ་གེ་མོ་ནས་ཚིག་འདི་སྤྱོད་ན་ཡང་།  ཐེངས་རྗེས་མར་ཚིག་དེ་སྤྱོད་པའི་ངེས་པ་མེད་ལ་གཞན་ཞིག་སྤྱོད་སྲིད་པ་རེད། འདིའི་ཁྲོད་ལོ་རྒྱུས་དང་རིག་གནས།  ཆོས་ལུགས།  དམངས་སྲོལ་སོགས་ཀྱི་ནང་དོན་སྣ་ཚོགས་ཤིག་འདུ་བས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་དངོས་རྩ་ཆེན་ཞིག་ཀྱང་ཡིན་པ་རེད། 
          ཤོའི་རོལ་རྩེད་ཀྱི་རྣམ་པ་འདི་དག་ལ་རྙོག་འཛིང་གི་ཆ་མི་ལྡན་ལ།  རྩེད་སའི་ས་གནས་ཀྱང་ཁོད་ཡངས་པོ་མི་དགོས། དེར་བརྟེན་རོལ་རྩེད་འདི་གྲས་ལ་བོད་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།  གནས་དང་དུས་ག་འདྲ་ཞིག་ལ་སླེབས་ན་ཡང་།  ཁོམ་ལོང་ཏོག་ཙམ་བྱུང་དུས་བོད་ཀྱི་མི་རྣམས་ཀྱིས་ཤོའི་རོལ་རྩེད་འདི་དུས་རྒྱུན་རྩེས་པ་རེད།  དགའ་སྤྲོའི་རོལ་རྩེད་ཀྱི་རྣམ་པའམ་སྤུ་ལོང་མངོན་པར་རྒྱས་པའི་ཁྲོད།  མི་རྣམས་ཀྱིས་ལུས་སེམས་ཡོངས་རྫོགས་ཀྱི་སྟོབས་ཤུགས་སྤྱད་དེ།  ཐ་ན་རང་ཉིད་ཀྱང་བརྗེད་པའི་གནས་སུ་ལྷུང་འདུག   བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རོལ་རྩེད་ཤོའི་ཁྲོད་་་་་་་་་་་་་་བོད་ལྗོངས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རོལ་རྩེད།
སྤེལ་དུས 2018-04-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
 
          ཤོ་ནི་གངས་ལྗོངས་ས་མཐོའི་ཡུལ་གྲུ་ཡི་ཆེད་སྤྱོད་རོལ་རྩེད་ཅིག་གཏན་ནས་མ་ཡིན་མོད།  ང་ཚོས་གངས་ལྗོངས་ཀྱི་ཡུལ་གྲུ་རུ་དུས་རྒྱུན་མི་རྣམས་མ་ཅཱང་རྩེད་དུས་རོལ་རྩེད་འདི་གང་སར་སྤྱོད་པའི་རྣམ་པ་དེ་མ་གཏོགས་གཞན་ནས་མཐོང་མི་ཐུབ། ཡིན་ནའང་དེའི་སྤྱོད་སྒོ་ད་དུང་ཧ་ཅང་ཆེ་བ་རེད།  འོན་ཀྱང་གནས་དང་དུས་ག་ཚོད་ལ་སླེབས་ཀྱང་དེས་ཕན་ཅུང་ཟད་ཀྱང་འདོགས་ཐབས་མེད། དེ་དག་ཚང་མ་ནི་མི་རྣམས་ཀྱི་རོལ་རྩེད་དང་འབྲེལ་བ་ཁ་ཚ་དགོས་གཏུགས་སུ་ཡོད་པས།  སྤུས་དག་དྭངས་གཙང་གི་རོལ་རྩེད་ཀྱི་བྱ་འགུལ་ཞིག་ལ་གཏོགས་མ་ཟད།  དེ་ནི་བོད་མི་རིགས་ཀྱི་རོལ་རྩེད་ཡོ་བྱད་ཁོ་ན་ཙམ་མ་ཡིན་པར་རྒྱ་དང་མི་རིགས་གཞན་མང་པོ་ཞིག་གི་རོལ་རྩེད་ཡོ་བྱད་ཅིག་ཀྱང་ཡིན་པ་རེད།
          བོད་མི་རིགས་ཀྱི་རོལ་རྩེད་ཤོའི་སྒྲིག་སྲོལ་དང་མི་རིགས་གཞན་གྱི་ཤོའི་རྩེད་སྟངས་ཀྱི་སྒྲིག་སྲོལ་གཉིས་བསྡུར་ན།  བོད་ཀྱི་ཤོའི་རིག་གནས་ལ་རང་ཉིད་ཀྱི་ཁྱད་ཆོས་མང་བོ་ཡོད་པ་རེད།  ཁྱད་ཆོས་གཅིག་ནི་སྤྱོད་ཆས་ནི་ཁོག་ཆེ་ལ་ཁ་ཆུང་བའི་བོད་ཀྱི་ཤིང་གི་དཀར་ཡོལ་ཞིག་ཡིན་ལ།  གདན་ཟླུམ་པོ་ཞིག་བཏང་རྗེས་ཧ་ལམ་མཐོ་ཚད་ལ་ཚུན་གཅིག་ཡོད་པའི་གདན་གྱི་དཀྱིལ་དུ་མཐོ་སྒང་གི་རྒྱུན་སྤྱོད་ནོར་ལུག་གི་རྩིད་པ་དང་བལ་གྱིས་བཟོས་པའི་ཐོན་རྫས་ཤིག་གི་སྟེང་དུ་ཤོ་མིག་གཉིས་སྤྱོད་པ་དང་།  དེ་ལ་རུས་པས་བཟོས་པའི་ཐོན་རྫས་དང་འགྱིག་གིས་བཟོས་པའི་ཐོན་རྫས་རིགས་གཉིས་ཡོད།  ད་རུང་གླང་ཆེན་གྱིས་བ་སོ་སོགས་ཀྱིས་བཟོས་པའི་ཤོ་རྡེའུ་རེ་འགའ་ཡོད་ཀྱང་ས་གནས་སུ་སྤྱོད་པ་ཧ་ཅང་ཉུང་།  འགྱིག་རྡེའུ་རུ་གྱུར་བའི་དངོས་པོའི་རྒྱུ་ཆ་སླར་རང་ས་ནས་བླངས་ཆོག  དེ་ལ་ཁ་མདོག་རིགས་གསུམ་ཡོད་པ་དང་ཁ་མདོག་ལ་རེ་ལ་ལེབ་མོ་དགུ་ཡོད་པའི་དངོས་པོ་དང་རྡེའུ་༡༠༨ཡོད་པ་དག་ནི་བོངས་ཆུང་ལ་སྟབས་བདེ། ཁྱད་ཆོས་གཉིས་པ་ནི་ཤོ་རྩེ་བའི་མི་ལ་ཚད་བཀག་ཡོད།  གཉིས་དང་བཞི།  དྲུག  མི་མང་བོའི་སྐབས་སུ་མི་གཉིས་ཚོ་ཆུང་གཅིག་ཏུ་བཟོ་དགོས། ཁྱད་ཆོས་གསུམ་པ་ནི་སྒྲིག་སྲོལ་ལྟར་ཤོ་རྡེའུ་ཡི་ཆེ་ཆུང་མི་གཙོ་ལ།  གྲངས་ཀ་གསལ་བོ་རྩིས་རྗེས་གཞི་གཅིག་ཏུ་བསྲེས་དགོས་པ་དང་དེའི་སྟེང་རང་ཉིད་ཀྱི་ཤོ་རྡེའུ་སྣོན་དགོས། ཡང་ན་ཁ་གཏད་ཀྱི་ཤོ་རྡེའུ་བཟའ་དགོས།
          རོལ་རྩེད་འདིའི་ཁྲོད།  མི་རིགས་ཀྱི་ཁྱད་ཆོས་མངའ་བའི་ཤོ་རྡེའུ་ལེན་སྐབས་ཁ་ནང་ནས་ཚིག་སྣ་ཚོགས་ཤིག་འདོན་པ་རེད།  ཤོ་རྡེའུ་གཉིས་ཀྱི་ཨང་གྲངས་ནི་༢དང་༡༢དང་།  ཨང་གྲངས་རེ་རེ་ནི་མི་རྣམས་ཀྱི་རོལ་རྩེད་ཁྲོད་ཀྱི་རྒྱལ་ཕམ་ལ་འབྲེལ་བ་ཆེན་པོ་ཡོད།  མི་རྣམས་ལ་མཁོ་གལ་ཆེ་བའི་ཨང་གྲངས་ཁེལ་རྒྱུ་ནི་ཆེས་གལ་ཆེ་བོ་རེད།  འདི་ལས་མི་གཞན་རྣམས་ཀྱིས་ཤོ་རྡེའུ་དང་འབྲེལ་བ་ཡོད་པའི་ཚིག་མང་བོ་བརྩམས་ཡོད།  དཔེར་ན་ས་ལ་རྡེའུ་གཉིས་བབས་ན།  འདི་ལྟར་ “གཉིས་ཀ་ཡོང་བ་མི་འཕྱི་མི་སྔ་ལ།  ང་ལ་མཁོ་བ་ངས་ལག་ནས་འགྲོ་ས་མེད་”ཅེས་བཤད་པ་རེད། ཡང་ས་ལ་རྡེའུ་གསུམ་བབས་ན།  འདི་ལྟར་  “དགེ་བཤེས་རྟ་ཐོག་ནས་ས་ལ་ལྷུང་སོང་།  རྟ་ཐོག་ནས་འབབ་མ་དགོས་པར་སྟབས་ལེགས་ནས་ལྷུང་སོང་། ” འདི་ལྟར་་་་་་་་་ ས་ལ་རྡེའུ་གྲངས་༡༢ཡོང་རག་བར་དུ་འདི་འདྲའི་བཤད་རྒྱུན་མང་བོ་ཡོད་པ་རེད།  འོན་ཀྱང་ཚིག་འདི་དག་གི་ཚིག་ལའང་འགྱུར་བ་མེད་ལ།  དེའི་ནང་དོན་དངོས་གནས་ཕུན་སུམ་ཚོགས་པ་ཞིག་ཡིན།  གནས་ཆེ་གེ་མོ་ནས་ཚིག་འདི་སྤྱོད་ན་ཡང་།  ཐེངས་རྗེས་མར་ཚིག་དེ་སྤྱོད་པའི་ངེས་པ་མེད་ལ་གཞན་ཞིག་སྤྱོད་སྲིད་པ་རེད། འདིའི་ཁྲོད་ལོ་རྒྱུས་དང་རིག་གནས།  ཆོས་ལུགས།  དམངས་སྲོལ་སོགས་ཀྱི་ནང་དོན་སྣ་ཚོགས་ཤིག་འདུ་བས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་དངོས་རྩ་ཆེན་ཞིག་ཀྱང་ཡིན་པ་རེད། 
 
          ཤོའི་རོལ་རྩེད་ཀྱི་རྣམ་པ་འདི་དག་ལ་རྙོག་འཛིང་གི་ཆ་མི་ལྡན་ལ།  རྩེད་སའི་ས་གནས་ཀྱང་ཁོད་ཡངས་པོ་མི་དགོས། དེར་བརྟེན་རོལ་རྩེད་འདི་གྲས་ལ་བོད་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།  གནས་དང་དུས་ག་འདྲ་ཞིག་ལ་སླེབས་ན་ཡང་།  ཁོམ་ལོང་ཏོག་ཙམ་བྱུང་དུས་བོད་ཀྱི་མི་རྣམས་ཀྱིས་ཤོའི་རོལ་རྩེད་འདི་དུས་རྒྱུན་རྩེས་པ་རེད།  དགའ་སྤྲོའི་རོལ་རྩེད་ཀྱི་རྣམ་པའམ་སྤུ་ལོང་མངོན་པར་རྒྱས་པའི་ཁྲོད།  མི་རྣམས་ཀྱིས་ལུས་སེམས་ཡོངས་རྫོགས་ཀྱི་སྟོབས་ཤུགས་སྤྱད་དེ།  ཐ་ན་རང་ཉིད་ཀྱང་བརྗེད་པའི་གནས་སུ་ལྷུང་འདུག   བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རོལ་རྩེད་ཤོའི་ཁྲོད་་་་་་་་་་་་་་
འབྲེལ་ཡོད་རྩོམ་ཡིག