ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

གནའ་གྲོང་ཅིན་ལིན་དུ་གངས་ལྗོངས་ཀྱི་མེ་ཏོག་རབ་ཏུ་བཞད།

2018-05-18 རྡོ་རྗེས་བསྒྲིགས།
———“རིག་གནས་གསར་གཏོད་ཀྱི་བོད་ལྗོངས·བོད་དང་ལྷ་སའི་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན”གྱི་མཐོང་ཐོས།


“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”གི་སྒོ་བྱང་གི་ཡོལ་བ་ཕྱེ་བཞིན་པ།

“རིག་གནས་གསར་གཏོད·བོད་དང་ལྷ་སའི་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན”ཞེས་པའི་འགོ་ཚུགས་མཛད་སྒོའི་ཟུར་ཞིག

ནན་ཅིང་གི་གྲོང་མིས་འགྲེམས་ཞུགས་བོད་ཀྱི་ཡིག་གཟུགས་མཁས་ཅན་དང་མཉམ་དུ་པར་ལེན་བྱེད་བཞིན་པ།

 འགྲེམས་ཞུགས་ཚོང་པས་བློ་འདྲི་མཁན་ལ་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་པ།

བོད་ཀྱི་ཡིག་གཟུགས་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཡིག་གཟུགས་བྲིས་པར་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་པ།

ཇུས་འགོད་པ་ཨ་ཅག་ལྷ་མོའིAJ-NAMOཡི་དར་སོ་ཆེ་བའི་གྱོན་ཆས་འགྲེམས་སྟོན་ཆིན་ཧོ་གཙང་པོའི་ངོགས་སུ་བྱས་པས་མི་རྣམས་ཀྱི་ཡིད་དབང་བཀུག་པ།

ན་གཞོན་ལྟ་སྐོར་བ་ཚོས་སྐོར་སྐྱོད་འགྲེམས་སྟོན་གྱི་པར་དེབ་ལ་བལྟས་ནས་བོད་ཀྱི་དམངས་སྲོལ་རིག་གནས་ཤེས་རྟོགས་བྱེད་བཞིན་པ།

ཐང་གའི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་ནན་ཅིང་གི་གྲོང་མིས་དེའི་སྐོར་གྱི་ཤེས་བྱ་རྒྱུས་ལོན་བྱེད་བཞིན་པ།
           བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ཅང་སུའུ་ཞིང་ཆེན་ཁ་གཏད་བོད་སྐྱོར་ལྷ་ས་གྲོང་ཁྱེར་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་སོགས་ཚན་པས་མཉམ་དུ་གཙོ་གཉེར་བྱས་པའི“རིག་གནས་གསར་གཏོད་ཀྱི་བོད་ལྗོངས·བོད་དང་ལྷ་སའི་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན”ཞེས་པ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཀྲུང་ཧྭ་ཤར་སྒོའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་གཉེར་བ་རེད།

          ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ནང“5+2”བྱ་ཐབས་སྤྱད་པ་དང་གཙོ་འགྲེམས་ཁང་དུ་བོད་རུམ་རིགས་ཀྱི་བརྩམས་ཆོས་རྩེ་གྲའི་འགྲེམས་ཁང་དང་། བོད་ཀྱིས་བཟོས་པའི་ཀོ་ཕིག་གློག་བརྙན་མྱོང་རོལ་ཁང་། བོད་རིགས་ཀྱི་རོལ་དབྱངས་དང་གླུ་གར་མྱོང་རོལ་ཁང་། བོད་ཀྱི་ཁྱད་ལྡན་རིག་གནས་གསར་རྩོམ་ཐོན་རྫས་རྩ་ཆེན་ཁང་། གཙོ་གནད་རིག་གནས་ཐོན་ལས་རྣམ་གྲངས་འོས་སྦྱོར་དང་ངོ་སྤྲོད་ཉོ་ཚོང་ཁང་བཅས་ཁྱད་ཆོས་ལྡན་པའི་འགྲེམས་ཁང་ལྔ་བཀོད་སྒྲིག་བྱས་ཡོད་པ་རེད།

          ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོར་འགྲེམས་ཚོང་གི་བྱ་ཐབས་སྤྱད་པས། ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་གངས་ལྗོངས་རིག་གནས་འགྲེམས་སྟོན་ངོ་སྤྲོད་ཐུབ་ཡོད་ལ། འགྲེམས་ཞུགས་ཚོང་པ་གཞན་དང་ཚོང་དོན་ངོ་འཕྲད་གྲོས་མོལ་གྱིས་མཉམ་ལས་ཀྱང་བྱེད་ཆོག སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་མཇུག་འགྲིལ་རྗེས་བོད་དང་ཅང་སུའུ་ཡི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ལས་ཀའི་སྤེལ་རེས་དང་མཉམ་སྒུལ་ལས་སྟེགས་ཡིན་པའི“བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”གིས་འགྲེམས་ཁང་ཞིག་ཡུན་རིང་འཛུགས་རྒྱུ་རེད།

          བྱེད་སྒོ་སྤེལ་རིང་། ཨ་ཅག་ལྷ་མོས་རང་ཉིད་ཀྱིས་རང་བརྟེན་ལས་གཏོད་བྱས་པའི་དར་སོ་ཆེ་བའི་གྱོན་ཆས་ཀྱི་སྤུས་རྟགས་ལ་བརྟེན་ནས་བོད་ཀྱི་གྱོན་ཆས་མོ་ཐྲོལ་འགྲེམས་སྟོན་ཐོག་མར་བྱས་པས་ནན་ཅིང་གི་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་ཅིག་ཅར་དུ་འཕྲོག དར་སོ་དང་སྲོལ་རྒྱུན་ཟུང་དུ་འབྲེལ་བས་ཚང་མས་བོད་རིགས་ཀྱི་གྱོན་ཆས་ཀྱི་ཡིད་དབང་འཕྲོག་ཤུགས་མཐོང་ཐུབ་ལ། ས་མཐོའི་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བའི་ཁོར་ཡུག་དང་གོམས་གཤིས་དང་ཐ་ན་འཇིག་རྟེན་འགྲོ་ལུགས་ཀྱང་ཤེས་ཐུབ།

          ད་ཐེངས་ཀྱི“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་བརྩམས་ཆོས་རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན་དུས་ཡུན་ཉིན་བཞི་ཡིན་པ་དང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་8ལ་སྣེ་ལེན་ཞུས་པ་དང་། ཚོང་འགུགས་རྣམ་གྲངས་102འོས་སྦྱོར་ངོ་སྤྲོད་བྱས་པ་དང་། ས་གནས་ས་ཐོག་ཏུ་སྒོར་ཁྲི་436རི་བའི་ཐོན་རྫས་བཙོངས་པ། ཚོང་ཟོག་མངགས་ཐོའི་མ་དངུལ་སྒོར་ཁྲི་783ཟིན་པ། ཧབ་ཚོང་བྱས་པའི་མ་དངུལ་སྒོར་ཁྲི་381.1ཟིན་པས་ཁྱོན་བྲིན་ཚོང་མ་དངུལ་སྒོར་ཁྲི་1600ཟིན་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག