ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་བརྒྱུད་ནང་བསྟན་གྱི་འདྲ་སྐུའི་སྒྱུ་རྩལ།

2018-06-07 དབང་ཆེན་གྱིས་བྲིས

        རྒྱལ་བའི་སྐུ་མཚོན་པར་བྱེད་པའི་རིན་པོ་ཆེའི་རིགས་སྣ་ཚོགས་བཅའ་བརྡུང་བླུག་སྒྲོས་སོགས་རིག་གནས་ཀྱི་བཟོ་རྩལ་ལས་བསྐྲུན་པའི་དད་རྟེན་གནའ་རྫས་ཀྱི་ཁོངས་སུ་གཏོགས་པའི་སྐུ་འདྲ་འདི་དག་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར། ནང་བསམ་པའི་དཔལ་ཡོན་ལ་ཕྱིར་དངོས་པོའི་དཔལ་ཡོན་གྱིས་མཛེས་སྡུག་སྤྲས་ཤིང་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གསལ་བར་མངོན་ཞིང་། ནམ་ཡང་ཡལ་བ་མེད་པའི་མཛད་རྗེས་དང་འོད་སྟོང་འཛམ་གླིང་ཐ་གྲུ་ཀུན་ལ་ལྷམ་མེར་འཕྲོ་ཞིང་། དད་ལྡན་འགྲོ་བ་འདྲེན་པའི་མི་རྒྱན་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་ལྟ་བུའི་རྒྱལ་བའི་ཐུགས་རྗེ་དང་བྱིན་རླབས་གཞུག་པའི་རྟེན་ཁྱད་པར་དུ་འཕགས་པ་འདི། དུས་འགྱུར་དང་རླུང་ནག་གི་ཐལ་རྡུལ་མ་གོས་ཤིང་ལོ་དང་ཟླ་ཞག་བརྩེགས་པའི་གཙུག་ནས་མ་བགྲེས་པར་གསལ་ལྷང་ངེ་བསོད་ནམས་སྟོང་གི་བསྐྲུན་པའི་སྐུ་ད་ལྟ་མངོན་སུམ་བྱོན་པ་དང་གཉིས་སུ་མ་མཆིས་སོ། །  

ཇོ་བོ་ཤཱཀྱ་མུ་ནེའི་འདྲ་སྐུ།

འི་འདྲ་སྐུ།

ད་པ་རྡོ་རྗེའི་འདྲ་སྐུ།

ང་གི་འདྲ་སྐུ།
འབྲེལ་ཡོད་རྩོམ་ཡིག