ཚེས་28ཉིན། ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་2016ལོའི་ལས་ཀའི་སྙན་སེང་ལ་ཉན་པ་དང་། 2017ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་།
ཞིས་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ། 《ཚིག་མཛོད་ཆེན་མོ་》དཔེ་སྐྲུན་བྱས་པ་དང་《ཚིག་མཛོད་ཆེན་མོའི་》པར་གཞི་དང་པོ་དཔར་ནས་ལོ་80འཁོར་བར་རྟེན་འབྲེལ་ཞུ་བ་དང་ལྷན་དུ་དང་རྒྱ་ཆེའི་ཆེད་ལས་མཁས་པ་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས།
ཚེས་29ཉིན། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་སུའུ་རུང་གིས་ལྐོག་རྔན་བླངས་པ་དང་དབང་ཆ་གང་བྱུང་དུ་བཀོལ་བའི་ཉེས་པ་ལ་ཞིབ་གཅོད་བྱས།
སློབ་གསོ་པུའུ་སོགས་སྡེ་ཁག་དྲུག་གིས་《སློབ་གསོ་དབུལ་སེལ་འགག་སྒྲོལ་གྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་》པར་འགྲེམས་ཀྱི་བརྡ་ཐོ་ཡོངས་བསྒྲགས་བྱས། ཁྱིམ་ཚང་དབུལ་པོའི་བྱིས་པ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་དང་སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་དཀའ་ངལ་རྐྱེན་པས་སློབ་ཕྱོལ་བྱེད་པ་མེད་པར་གཏོང་དགོས་པ་ཁེག་ཐག་གནང་།
ཚེས་28ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་བཅུ་པས་སྡེ་ཚན་5ལ་དག་ཐེར་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས། གནད་དོན་822ཞིབ་བཤེར་རྩད་ཆོད་བྱས།
ཚེས་29ཉིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བཙུགས་ནས་ལོ་30འཁོར་བའི་རྟེན་འབྲེལ་མཛད་སྒོ་པེ་ཅིང་དུ་འཚོགས། དུས་མཚུངས་སུ་《བོད་ལྗོངས་ཀྱི་དེབ་ཐེར་》དང་《གངས་ལྗོངས་བོད་ལུགས་གསོ་རིག་དང་སྐར་རྩིས་དཔེ་མཛོད་》སོགས་དཔེ་དེབ་གསར་བ་ཡོངས་བསྒྲགས་འགྲེམས་སྟོན་བྱས།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱིས་ཉེ་ཆར་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སུ་རང་ཚོད་མི་འཛིན་པར་སྒྲིག་འགལ་བྱས་པའི་དཔེར་མཚོན་གྱོད་གཞི་བདུན་ཁྱབ་བསྒྲགས་བྱས།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་13པས་《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་ཐབས་》ལ་གྲོས་འཆམ་བྱུང་། 2017ལོའི་ཟླ་2ཚེས་1ཉིན་ནས་ལག་བསྟར་བྱ་འཆར་ཡོད།
མིག་སྔའི་བར། བོད་ལྗོངས་ཁུལ་མཁའ་འགྲུལ་ཅུས་ཀྱིས་ལོ་རེར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་400ལས་བརྒལ་ཏེ། 2014ལོར་ཁྲི་300བརྒལ་རྗེས་ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན།
བོད་ལྗོངས་ཀྱི་ཐང་གའི་ས་གནས་ཚད་གཞི་ཐོག་མ་བཟོ་བཞིན་པའི་སྒང་ཡིན། ཚད་གཞིས་ཐང་གའི་རས་གཞི་སྤུས་ཚད་དང་ཚོན་རྒྱུ། ཆ་ཚད། ལག་རྩལ་སོགས་སྲོལ་རྒྱུན་ཐང་གའི་ཚད་གཞི་གཏན་འཁེལ་བྱས་ཡོད།