ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐབས་དང་པོའི་མདོ་ཁམས་ཡུལ་གྱི་ནོར་གནག་བུམ་པའི་རྡུང་ལེན་མཇུག་འགྲན་ཧུང་ཡོན་རྫོང་ནས་སྤེལ།

2016-08-09

        སྐབས་དང་པོའི་མདོ་ཁམས་ཡུལ་གྱི་ནོར་གནག་བུམ་པའི་རྡུང་ལེན་མཇུག་འགྲན་ཧུང་ཡོན་རྫོང་ནས་སྤེལ་ལ། འགྲན་སྡུར་ཁྲོད་སི་ཁྲོན་དང་ཀན་སུའུ་། མཚོ་སྔོན་སོགས་ནས་ཡོང་བའི་མིང་གྲགས་ཅན་གྱི་གླུ་བ་གླུ་མ་མང་པོ་ཞིག་གི་ལྷད་མ་འདྲེས་པའི་སྐད་ངག་སྙན་མོས་དཔྱད་འདེམས་པ་དང་ལྟད་མོ་བའི་ཡིད་ཀྱི་དུང་བ་འདྲེན་ལ། མཐར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ནས་ཡོང་བའི་གླུ་བ་དར་རྒྱས་ལ་ཨང་དང་པོའི་བྱ་དགའ་དང་། ཧུང་ཡོན་རྫོང་གི་གླུ་བ་རྟ་མགྲིན་ཚེ་རིང་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ནས་ཡོང་བའི་གླུ་བ་ཚེ་རིང་དབང་བདུད་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། ཧུང་ཡོན་རྫོང་གི་གླུ་བ་གསང་མཆོག་དང་མཛོད་དགེ་རྫོང་གི་གླུ་བ་དོན་འགྲུབ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་གླུ་བ་རྡོ་རྗེ་རྒྱལ་མཚན་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པ་རེད།
འབྲེལ་ཡོད་རྩོམ་ཡིག