ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཇམ་དཔལ་བློ་བཟང་གིས་པེ་ཅིན་སྤར་མའི་གནའ་དཔེ་འབོར་ཆེན་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ལ་ཕུལ།

2017-07-14
          ཟླ7པའི་ཚེས10ཉིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་དཔེ་ཚགས་ཁང་དུ། ལེའོ་ཉིན་ཞིང་ཆེན་ཧྥུ་ཞིན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཡིག་ཚགས་ཁང་གི་མགོ་གཙོ་འཇམ་དཔལ་བློ་བཟང་གིས་རང་གིས་ཉར་ཚགས་བགྱིས་པའི་བོད་ཡིག་གནའ་དཔེ་པེ་ཅིན་སྤར་མའི་ཆོས་ཚན150མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་དཔེ་ཚགས་ཁང་དུ་སྐྱེས་འབུལ་གནང་ཞིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཧྲུའུ་ཅི་མ་ཎི་འབུམ་བཅས་བོད་རིག་པ་ཞིབ་འཇུག་གླིང་དགེ་རྒན་འགའ་དང་སློབ་མ་བཅུ་ཕྲག་ལྷག་མཛད་སྒོར་ཞུགས།
སྐུ་ཞབས་འཇམ་དཔལ་བློ་བཟང་ངམ་ཧེ་ཁྲོན་ཧྲིན།
          སྐུ་ཞབས་འཇམ་དཔལ་བློ་བཟང་གིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་པེ་ཅིན་སྤར་མའི་དཔེ་རྙིང་འབུལ་བ།
          མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཧྲུའུ་ཅི་མ་ཎི་འབུམ་གྱིས་སྐུ་ཞབས་འཇམ་དཔལ་བློ་བཟང་གིས་པེ་ཅིན་སྤར་མའི་བོད་ཡིག་གནའ་དཔེ་དག་བསྡུ་སྒྲིག་དང་ཉར་ཚགས་བཟང་པོ་བྱས་པ་དང་། ལྷག་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་རིགས་རིག་གནས་སྲུང་སྐྱོབ་ལ་དམིགས་ནས་ངེད་སློབ་གླིང་དུ་རིན་མེད་པར་གནའ་དཔེ་ཆོས་ཚན150གནང་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་ཉར་ཚགས་བཟང་པོ་བྱ་རྒྱུ་མ་ཟད། དེར་མཐུད་ཀྱི་ཞིབ་འཇུག་བྱས་ཏེ་རིག་དངོས་ཀྱི་ཕན་ཡོན་མངོན་པར་བྱ་རྒྱུ་ཡིན་ལ། རྗེས་མར་མུ་མཐུད་དུ་མཉམ་འབྲེལ་བཟང་པོ་བྱས་ཏེ་མི་རིགས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ལ་ཕན་གདགས་པར་བྱ་ཞེས་བཤད།

          མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཧྲུའུ་ཅི་མ་ཎི་འབུམ་གྱིས་སློབ་གླིང་ངོ་སྤྲོད་བྱེད་པ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐྱེས་འབུལ་ཡུལ་དངོས།
          མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་པེ་ཅིན་སྤར་མའི་དཔེ་རྙིང་ལ་ལྟ་བ།
          ཀྲུང་གོ་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པས་པེ་ཅིན་སྤར་མ་ངོ་སྤྲོད་བྱེད་པ།
          ཕྱི་ཉིན༼  ཚེས11༽  ཉིན་སྐུ་ཞབས་འཇམ་དཔལ་བློ་བཟང་གིས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་དུ་པེ་ཅིན་སྤར་མའི་གནའ་དཔེའི་ཆོས་ཚན200མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་ལ་སྐྱེས་འབུལ་གནང་ཞིང་། མཛད་སྒོར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ་དང་། མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་ལྕགས་ཐར་རྒྱལ། མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལོ་བརྒྱ་ཚེ་རིང་། མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན་སྟོབས་ལྡན། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ་སོགས་ཞིབ་འཇུག་པ་དང་དགེ་རྒན་བཅུ་ལྷག་སྐྱེས་འབུལ་མཛད་སྒོར་ཞུགས། དགེ་རྒན་ལྕགས་ཐར་རྒྱལ་གྱིས་སྐྱེས་འབུལ་མཛད་སྒོར་མདོ་འཛིན་བྱས།
          སྐུ་ཞབས་འཇམ་དཔལ་བློ་བཟང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་ལ་པེ་ཅིན་སྤར་མའི་དཔེ་རྙིང་འབུལ་བ།
          མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ།
          སྐྱེས་འབུལ་མཛད་སྒོའི་ཐོག་པཎ་ཆེན་ཞིབ་འཇུག་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོས། སྐུ་ཞབས་འཇམ་དཔལ་བློ་བཟང་གིས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོར་སྐྱེས་འབུལ་གནང་བའི་བོད་ཡིག་གི་གནའ་དཔེ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁཱང་ཞི་དང་ཡུང་ཀྲིན། ཆན་ལུང་སྐབས་པེ་ཅིན་ས་ཁུལ་དུ་པར་འདེབས་གནང་བ་ཡིན། པར་ངོས་ཆེ་ལ་བརྐོས་ཞིབ་པ། ནང་དོན་ཆ་ནས་སྨན་གཞུང་དང་། རྩོམ་རིག སྐར་རྩིས། ཆོས་ལུགས་སོགས་འདུས། དེ་ལས་འཇམ་དཔལ་མཚན་བརྗོད། སྒྲོལ་བསྟོད། རྟེན་ཐོ་སྣ་ཚོགས་བཅས་གནའ་དཔེ་འགའ་ལྟེབས་ཟུར་མའི་རྣམ་པ་ཡིན་པས།ཧ་ཅང་མཐོང་དཀོན་ལ་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་། རྗེས་མར་མུ་མཐུད་དུ་མཉམ་འབྲེལ་བྱས་ཏེ་རིག་དངོས་སྲུང་སྐྱོབ་དང་མི་རིགས་རིག་གནས་དར་སྤེལ་བྱ་བར་བརྩོན་ཞེས་བཤད།

སྐུ་ཞབས་འཇམ་དཔལ་བློ་བཟང་ངམ་ཧེ་ཁྲོན་ཧྲིན།
          པེ་ཅིན་སྤར་མ་དག་སྐྱེས་འབུལ་གནང་རོགས་ཕེབས་པའི་ཀྲུང་གོ་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ།
          སྐུ་ཞབས་འཇམ་དཔལ་བློ་བཟང་གིས་བཤད་རྒྱུར། བོད་སོག་མི་རིགས་གཉིས་ནི་ལོ་ངོ་སྟོང་ཕྲག་གི་འབྲེལ་འདྲིས་ལྡན་ཞིང་། ལྷག་པར་ཡོན་རྒྱལ་རབས་ནས་བཟུང་བོད་བརྒྱུད་ནང་བསྟན་རྒྱ་ཆེར་སོག་ཡུལ་དུ་དར་བས་བོད་ཀྱི་ཆོས་ལུགས་དང་། རིག་གནས་སྣ་ཚོགས་སོག་ཡུལ་དུ་དར་ཏེ་མི་རིགས་གཉིས་ཀྱི་རིག་གནས་ཀྱི་འབྲེལ་འདྲིས་གཏིང་ཇེ་ཟབ་ཏུ་སོང་ཞིང་། བར་ཐག་ཉེ་བར་གྱུར་ནས་རིག་གནས་ཕན་ཚུན་དུ་སིམ་འདྲེས་བྱུང་། ཡོན་དང་ཆིང་གི་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་པེ་ཅིན་སྤར་མ་བྱུང་བ་སོག་རིགས་དང་། མན་ཇུ་རིགས། རྒྱ་རིགས་སོགས་ཀྱིས་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་སྟབས། སྐབས་དེར་པེ་ཅིན་སྤར་མའི་དཔེ་གླེགས་འབོར་ཆེན་ཡོད་པ་དང་། རྗེས་སུ་དུས་འགྱུར་དང་བསྟུན་དམངས་ཁྲོད་དུ་ལུས་པ་ཅི་ནུས་ཀྱིས་ཉར་ཚགས་བགྱིས་པ་ཡིན་ལ། ད་ལྟ་བོད་ཀྱི་སློབ་གྲྭ་སོ་སོར་ཕུལ་ནས་ཉར་ཚགས་དང་བེད་སྤྱོད་བྱ་རྒྱུ་ནི་དམིགས་ཡུལ་དང་པོ་དང་། རྗེས་མར་ད་དུང་ཡང་གནའ་དཔེ་འབོར་ཆེན་རིན་མེད་དུ་འབུལ་བ་དང་། དེ་འབྲེལ་ཨང་རྩིས་ཀྱི་དཔེ་མཛོད་ཁང་གཟུག་ནས་བོད་བརྒྱུད་ནང་བསྟན་ལ་དགའ་མོས་ཡོད་མཁན་དག་ལ་རིན་མེད་དུ་ཕབ་ལེན་དང་ལྟ་ཀློག་བྱ་རུ་འཇུག་རྒྱུའི་འཆར་གཞི་ཡོད་ཅེས་བཤད།
          སྐུ་ཞབས་འཇམ་དཔལ་བློ་བཟང་ནི་མི་རིགས་སོག་པོ་དང་མི་རིགས་ཆོས་ལུགས་རིག་དངོས་ཉར་ཚགས་གནང་མཁན་ཞིག་ཡིན་ལ། ལོ་དུ་མའི་རིང་མི་རིགས་རིག་གནས་ལས་ཀ་ལ་འབད་བརྩོན་གནང་བ་དང་། ཆོས་ལུགས་རིག་དངོས་མྱུར་སྐྱོབ་དང་ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ལས་ཀ་གནང་བཞིན་ཡོད། ལོ་བཅུ་ལྷག་ཙམ་ལ་རྒྱལ་ཡོངས་ཀྱི་ཡུལ་གྲུ་མང་པོ་དང་། སོག་པོ། ཨུ་རུ་སུ་སོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་ནས། བོད་ཡིག སོག་ཡིག མན་ཇིའི་ཡི་གེ་སོགས་གྲངས་ཉུང་མི་རིགས་ཀྱི་རིག་དངོས་མྱུར་སྐྱོབ་དང་བསྡུ་རུབ་བྱས་པ་མ་ཟད། རང་ངོས་ནས་མ་དངུལ་བསྡུས་ཏེ་བོད་སོག་ནང་བསྟན་རིག་གནས་རྟེན་རྫས་བཤམས་སྟོན་ཁང་དང་སོག་པོའི་སྨན་རིག་རྟེན་རྫས་བཤམས་སྟོན་ཁང་བཙུགས། ཁོས་ཉེ་བའི་ལོ་དུ་མའི་རིང་རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་སློབ་གྲྭ་ཆེན་མོར་གནའ་དཔེ་སོགས་རིག་དངོས་1600ལྷག་སྐྱེས་འབུལ་གནང་བས། ལས་རིགས་སོ་སོས་བསྔགས་བརྗོད་དང་མི་རིགས་ཆོས་ལུགས་རིག་གནས་ཀྱི་སྲུང་མའི་ཆོ་ལོ་ཕུལ་ཡོད།
          མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་པཎ་ཆེན་ཞིབ་འཇུག་གླིང་དུ་སྐྱེས་འབུལ་བྱེད་པའི་ཡུལ་དངོས།
          མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་པཎ་ཆེན་ཞིབ་འཇུག་གླིང་གི་ཚོགས་ཞུགས་དགེ་རྒན་འགའ།
          མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོས་སྐུ་ཞབས་འཇམ་དཔལ་བློ་བཟང་ལ་ཕེབས་བསུ་ཞུ་བ།
          མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་དག་གིས་པེ་ཅིན་སྤར་མའི་དཔེ་རྙིང་དག་ལ་ལྟ་བ།
          མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་དག་གིས་པེ་ཅིན་སྤར་མའི་དཔེ་རྙིང་དག་ལ་ལྟ་བ།
དྲན་རྟེན་མཉམ་པར།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
པེ་ཅིན་སྤར་མའི་གནའ་དཔེ་སྣ་ཚོགས།
འབྲེལ་ཡོད་རྩོམ་ཡིག