ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐོག་མའི་སེམས་འདུན་གྱིས་ཆར་རླུང་མཐའ་རུ་བསྐྲད།།

2018-02-06 བཀྲ་ཤིས་ཀྱིས་བསྒྱུར།

          ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཀུའོ་ཅུན་ཀྲང་ཉི་འོད་སློབ་སྐྱོར་རོགས་དངུལ་ལས་གཞིའི་སྦྱིན་གཏོང་བྱེད་སྒོ་བསང་ཆུ་རྫོང་སྒྱིས་ཚང་ཡུལ་ཚོ་ནས་སྤེལ།
          ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་རི་ལུང་འགྲིམ་འགྲུལ་སྒྲིག་བཀོད་ཚད་ཡོད་སྤྱི་གཉེར་གྱི་ལས་འཛིན་པ་སྐུ་ཞབས་ཀུའོ་ཅུན་ཀྲང་གཙོས་ཉི་འོད་སློབ་སྐྱོར་རོགས་དངུལ་ལས་གཞིའི་ལས་སྣ་རྣམས་ཀྱིས་སྤྱི་ཟླ་༢ཚེས་༡ཉིན་བསང་ཆུ་རྫོང་སྒྱིས་ཚང་ཡུལ་ཚོ་ནས་༢༠༡༨ལོའི་ཉི་འོད་སློབ་སྐྱོར་རོགས་དངུལ་སྦྱིན་གཏོང་མཛད་སྒོ་སྤེལ། ཐེངས་འདིའི་མཛད་སྒོའི་སྟེང་སྡོམ་པས་རང་རེའི་རྫོང་གི་འཁོས་ཞན་སློབ་མ་༡༤༦ལ་དམངས་སྒོར་ཆིག་འབུམ་སུམ་ཁྲི་བརྒྱད་སྟོང་ལྔ་བརྒྱ་དང་དམངས་སྒོར་སུམ་ཁྲིའི་རིན་ཐང་ལྡན་པའི་ལྭ་དང་དཔེ་ཁུག  ལུས་རྩལ་ཡོ་བྱད་སོགས་གནང་སྦྱིན་མཛད་དེ་བརྩེ་བ་ཟབ་མོས་མི་སེམས་གསོས་ཤིང་ཉི་འོད་དྲོད་མོས་རི་ལུང་ཁྱབ་པར་བྱས་པ་མ་ཟད།    ཐང་སར་དགོན་པ་དང་རྒན་གསོ་ཁང་། ཁྱིམ་ཚང་དཀའ་ཁག་ཅན་ལ་འཚམས་འདྲི་ཞུས་ནས་དམངས་སྒོར་ཆིག་ཁྲི་སུམ་སྟོང་བདུན་བརྒྱ་དང་དངོས་ཟོང་སོགས་ཀྱི་འཚམས་རྟགས་གནངས།
          འདས་པའི་བགྲང་བྱ་བཅུ་ཡི་རིང་། སྐུ་ཞབས་ཀུའོ་ཅུན་ཀྲང་གིས་ཁེ་ལས་པ་ཞིག་གི་སྤྱི་ཚོགས་འགན་འཁྲི་སྙིང་ལ་དམ་པོར་བཅངས་ནས་བདག་བས་གཞན་གཅེས་ཀྱི་རྣམ་དཀར་ལྷག་བསམ་གྱིས་རང་རེའི་རྫོང་གི་ཞང་དང་གྲོང་རྡལ་གྱི་སློབ་མ་༨༡༡ལ་རོགས་སྐྱོར་མཛད་ལ། སྔ་གཞུག་ཏུ་རང་རེའི་རྫོང་དུ་དམངས་སྒོར་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བཞི་སྟོང་བརྒྱད་དྲུག་བརྒྱ་ཡིས་དགེ་ལས་བསྒྲུབས་ཏེ་འཁྱག་པ་ལ་གོས་དང་ལྟོགས་པ་ཟས་བཞིན་བྱམས་བརྩེའི་འོད་ཟེར་ཉིན་སྲིབ་དབྱེར་མེད་དུ་ཁྱབ་པར་མཛད་ཡོད།
          ཐེངས་འདིའི་བྱེད་སྒོ་ལ་རྫོང་དང་ཡུལ་ཚོའི་འགོ་ཁྲིད་དང་འཁོས་ཞན་སློབ་མའི་འཐུས་ཚབ།  མང་ཚོགས་ཀྱི་འཐུས་ཚབ་བཅས་སྡོམ་པས་མི་སུམ་བརྒྱ་ལྷག་ཞུགས།
 
གསར་འགོད་པ། ལྕགས་མོ་སྐྱིད། ཡིའུ་མིང་ཡན།
འབྲེལ་ཡོད་རྩོམ་ཡིག