ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་“ལྔ་གཅིག”ལ་ཤིས་ཚིག་ཕུལ་ནས་ངལ་རྩོལ་ལ་དགའ་བའི་མི་རྣམས་ལ་གུས་འདུད་ཞུས།

2018-05-01 པདྨ་ཚེ་རིང་གིས་བསྒྱུར།

 


          ཟླ་5པའི་ཚེས་1ཉིན་གྱི་སྔ་དྲོར། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་འདི་གའི་དྲ་བ་བརྒྱུད་ནས་ངལ་རྩོལ་པ་ཡོངས་ལ་གུས་འདུད་ཞུ་བའི་“ལྔ་གཅིག”གི་ཤིས་ཚིག་ཕུལ། དེ་ཡང་མ་རྩོམ་ཡོངས་རྫོགས་ནི་གཤམ་གསལ་ལྟར་ལགས།

                                  འཇིག་རྟེན་བྱ་བ་གང་དང་ཅི་ཡིན་ཡང་།། 
                                  ངལ་རྩོལ་ཉིད་ལས་མཆོག་ཏུ་གྱུར་པ་མེད།། 
                                  ལུས་རྩོལ་ཀླད་རྩོལ་གང་ཞིག་ཡིན་ཡང་རུང་།། 
                                  རྩོལ་ལ་དགའ་ཞིང་འཚོ་བར་དགའ་བ་གཅེས།། 
                                  མི་ལུས་ཐོབ་པའི་དོན་སྙིང་བསམ་བཞིན་དུ།། 
                                  མི་ཚེའི་རིན་ཐང་ངོ་མ་བསྐྲུན་པར་བྱ།། 
                                  རང་ལ་འཇོན་ནུས་གང་ཡོད་རྒྱལ་ཁབ་དང་།། 
                                  དམངས་ལ་བདེ་སྐྱིད་སྐྲུན་ཕྱིར་ལེགས་པར་འབུལ།། 
                                  དུས་རབས་གསར་པར་ངལ་རྩོལ་སྙིང་སྟོབས་སྤེལ།། 
                                  གནམ་འོག་སྐྱེ་འགྲོར་ཞབས་ཞུ་བསྒྲུབ་ལ་བརྩོན།།
          ངལ་རྩོལ་ལས་གཟི་བརྗིད་ཆེ་བ་མེད། ངལ་རྩོལ་ལ་དགའ་བའི་མི་རྣམས་ལ་གུས་འདུད་ཞུ་བ་དང་ལྷན་དུ་ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་དགའ་དགའ་སྤྲོ་སྤྲོ་དང་བཀྲ་ཤིས་བདེ་ལེགས་ཡོང་བར་སྨོན།
འབྲེལ་ཡོད་རྩོམ་ཡིག