ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དམངས་ཡོངས་དཔེ་དེབ་ལྟ་བའི་ཚ་རླབས་འཕྱུར། ཁྱིམ་ཚང་ཁྲི་ལ་དཔེ་ཀློག་གོམས་གཤིས་འཇགས།

2019-05-08
        འདི་ལོའི་ཟླ་4ཚེས་23ཉིན་ནི“འཛམ་གླིང་དཔེ་ཀློག་ཉིན་མོ”ཐེངས་24པ་ཡིན་པས་ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ནང་དོན་ཕུན་སུམ་ཚོགས་པའི་དཔེ་ཀློག་བྱེད་སྒོ་སྤེལ་ནས་དམངས་ཡོངས་དཔེ་ཀློག་དང་དཔེ་དེབ་ལྟ་ཀློག་ལ་སྤྲོ་བའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་སྐུལ་མ་བཏང་བ་རེད།

པར་རིས་འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་ཕྲུག་གིས་བོད་ལྗོངས་དཔེ་མཛོད་ཁང་གི་ལོ་ཆུང་བྱིས་པའི་དཔེ་ཀློག་ཁང་དུ་རང་ཉིད་དགའ་པོ་བྱེད་པའི་དེབ་ལྟ་བཞིན་པ།

པར་རིས་འདི་ནི་བོད་ལྗོངས་རིག་གནས་གསར་གཏོད་དོ་དམ་ཨུ་ལྷན་སེམས་མཐུན་གླིང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་གྲོང་མིས་དེབ་ལྟ་བཞིན་པ།
 
འབྲེལ་ཡོད་རྩོམ་ཡིག