ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དྲན་སྐུལ་གལ་ཆེན། སྐད་འཕྲིན་ལ་ནུས་པ་གསར་པ་ཞིག་བསྣན་འདུག

2020-11-06 པདྨ་ཚེ་རིང་གིས་བསྒྱུར།

  ཚང་མར་སུན་སྣང་འདི་འདྲ་ཞིག་ཡོད་དམ། 
  སེམས་ཆུང་མ་བྱས་པར་སྐད་འཕྲིན་དུ་སྐད་ཆ་བཤད་པའི་ཐོ་ཡིག་གསུབ་པས། 
  ཡར་སྔོན་གྱི་གལ་ཆེ་བའི་བརྡ་ཐོ་རྣམས་ཀྱང་མེད་བརླག་ཏུ་གྱུར་པ། 
  
ཡིན་ནའང་རྩ་བ་ནས་མ་གསུབ་ཚེ། 
  འཆར་ཡོལ་གྱི་ངོས་སུ་མི་སྣ་ཚོགས་ལ་ཁ་བརྡ་བྱས་པའི་ཐོ་ཡིག་གིས་བཀང་འགྲོ་བས། 
  དངོས་གནས“ཨུ་ཚུགས་ཆེན་པོ”ཡོད་པའི། 
  གྲོགས་པོ་ཆུང་ཆུང་ཚོ་སྨྱོ་རུ་འཇུག་སྲིད།

  ཡིན་ནའང་ཨན་ཀྲུའོ་པར་གཞི་གསར་པའི་སྐད་འཕྲིན་བཀྲམ་པ་དང་བསྟུན་ནས། 
  གནད་དོན་འདི་གཞི་ནས་ཐག་གཅོད་ཐུབ་སོང་། 

  སྐད་འཕྲིན་གྱི་པར་གཞི7.0.20ལ་ནང་ཚན་གྱིས་ཚད་འཇལ་བྱེད་འགོ་ཚུགས། 
  ཟླ10པའི་ཚེས30ཉིན། སྐད་འཕྲིན་གྱི་པར་གཞི7.0.20གཏོང་མགོ་བརྩམས་པ་དང་སྤྱོད་མཁན་ཁ་ཤས་ལ་སྐད་འཕྲིན་པར་གཞི་གསར་པའི་ནང་ཚན་གྱི་ཚད་འཇལ་ནང་ཞུགས་པའི་གདན་ཞུ་འབྱོར་ཟིན། ཐེངས་འདིའི་གསར་སྒྱུར་ལ་གཙོ་བོ་ཕྱོགས་གསུམ་ཚུད་ཡོད་དེ། 
  སྒྲིག་བཀོད་ནང་གཞོན་ནུ་ལོ་ཆུང་གི་རྣམ་པ་ཁ་འབྱེད་ཆོག་པ།
  ཁ་བརྡའི་རྣམ་འགྱུར་ངོས་ནས་ཉམས་འགྱུར་འཚོལ་ཆོག་པ།
  ཁ་བརྡ་ལ“མི་འཆར་བའི”གདམ་གསེས་གསར་སྣོན་བྱས་ཡོད།
  
དེའི་ཁྲོད་ཀྱི“ཁ་བརྡའི་ཟིན་ཐོ་མི་འཆར་བའི”ནུས་པ་ནི།
  གཤམ་ལྟར་ཡིན།

  སྐད་འཕྲིན་གྱི་པར་གཞི7.0.20ཡིན།
  གླེང་དགོས་པ་ཞིག་ལ་སྐད་འཕྲིན་གྱིསiOSམ་ལག་སྤྱོད་མཁན་ལ་པར་གཞི་གསར་ཤོས7.0.17བཟོས་ཡོད་པ་དང་དེ་ལའང་ནུས་པ་འདི་དག་བསྣན་ཡོད། 

  ཁ་བརྡའི་ཐོ་ཡིག་མནན་ནས་གཡོན་ཕྱོགས་སུ་འདེད་ཙམ་བྱས་ནས“མི་འཆར་བ”བདམས་ཚེ་ཁ་བརྡའི་ཐོ་ཡིག་དེ་མེད་པར་གྱུར་ནས་ཁྱེད་ལ་ཁ་བརྡའི་ཟིན་ཐོ་མང་བའི་སུན་སྣང་བཟོ་མི་སྲིད། 
  དེ་དང“གསུབ་པ”ཡི་ཁྱད་པར་ཆེ་ཤོས་ནི་ཕ་རོལ་པོས་བརྡ་ལན་འབྱོར་ཚེ་ཁ་བརྡའི་ཐོ་ཡིག་རང་ཤུགས་ཀྱིས་མངོན་ཡོང་།

  ནུས་པ་འདི་ཚང་མས་བལྟས་ན་ཅི་འདྲ་རེད།   
  དྲ་གྲོགས་ཀྱི་དཔྱད་བརྗོད། 
  རེད། ལྷག་པར་དུ་ལས་ཚོགས་སུ་འགྲོ་མཁན་དག་ལ་སྤྱོད་སྒོ་ཆེ། 
  མཐོང་འདོད་མི་འདོད་ནི་གནད་འགག་མིན་པར་གཙོ་བོ་ནང་གསོག་ཟིན་ཡོད་མེད་དེ་རེད། ཚང་མས་བཤད་ན་ཅི་འདྲ་རེད།  
  ཚོགས་པའི་ནང་དུ་ཁ་བརྡ་བྱེད་དུས་ཡང་ཡང་ཕྱིར་མངོན་པ་མ་ཟད་ནང་གསོག་ཀྱང་ཟིན་གྱིན་ཡོད། 
  རབ་ཡིན་ན་གོང་དུ་གསུབ་ནོར་བྱུང་བའི་ནང་དོན་ཕྱིར་འཚོལ་བའི་ནུས་པ་ཞིག་ཡོད་ན་བཟང་། 
  སྤྲིན་སྣེར་མཉམ་འགྲོ་ཡོང་ཐབས་མི་འདུག 
  གླེང་མོལ་གྱི་ཟིན་ཐོ་དང་ཡིག་ཆ་སྤྲིན་ཉར་བྱེད་ཐུབ་ཚེ་ད་གཟོད་སྤྱོད་སྒོ་ཡོད། 
  ཁྱེད་ཀྱིས་ད་དུང་སྐད་འཕྲིན་གྱི་ནུས་པ་གང་དག་ལ། 
  རེ་སྒུག་བྱེད་ཀྱིན་ཡོད་དམ།    
འབྲེལ་ཡོད་རྩོམ་ཡིག