ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

གཟིགས་དང་། ཤོག་སྒོར་སྒོར5ཅན་གྱི་པར་གཞི་གསར་པ་འདི་ན་ཡོད།

2020-11-10 འབྲུག་རྒྱལ་མཁར་གྱིས་བསྒྱུར།
       ཡུན་རིང་རེ་སྒུག་བྱས་པའི་པར་གཞི་གསར་པའི་ཤོག་སྒོར་སྒོར་ལྔ་ཅན་ཚེས5ཉིན་དངོས་སུ་འགྲེམས་སྤེལ་བྱས་པ་རེད། 2020ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་ནི2005ལོའི་རབས་ལྔ་པའི་མི་དམངས་ཤོག་སྒོར་གྱི་ཚད་གཞི་དང་། པར་རིས། ཚོས་གཞི་སོགས་ཀྱི་ཆ་གཙོ་བོ་དག་མི་འགྱུར་བར། ཤོག་སྒོར་གྱི་གྲུབ་ཆའི་སྒྲིག་རིམ་དང་ཕྱིའི་རྣམ་པ་ཇེ་ལེགས་སུ་བཏང་ཡོད་པས། སྤྱི་ཡོངས་ནས་རྫུན་བཟོའི་བཀག་འགོག་ནུས་པ་ཆེ་རུ་ཕྱིན་ལ། ཤོག་སྒོར་ངོས་ཀྱི་ལོ་རྟགས་དེ“2020ལོ”ཞེས་པར་བསྒྱུར་ཡོད།

2020ལོའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་གྱི་མདུན་ངོས་པར་རིས།  

2020ལོའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་གྱི་རྒྱབ་ངོས་པར་རིས། 
         ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པས་བསྟན་དོན། 1999ལོའི་ཟླ10པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང268པ་ལྟར། ཀྲུང་གོའ་མི་དམངས་དངུལ་ཁང་གིས་རབས་ལྔ་པའི་མི་དམངས་ཤོག་སྒོར་འགྲེམ་སྤེལ་བྱས། རྫུན་འགོག་ལག་རྩལ་དང་པར་འདེབས་སྤུས་ཚད་མཐོ་རུ་གཏོང་ཆེད། ཀྲུང་གོའི་མི་དམངས་དངུལ་ཁང་གིས2005ལོའི་ཟླ8པར2005ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་དང་དངུལ་སྒོར་ཁག་ཅིག་འགྲེམས་སྤེལ་བྱས་པ་དང་། 2015ལོའི་ཟླ11པར་པར་གཞི་གསར་པའི་ཤོག་སྒོར་སྒོར100ཅན་འགྲེམས་སྤེལ་བྱས། 2019ལོའི་ཟླ8པར་པར་གཞི་གསར་པའི་ཤོག་སྒོར་སྒོར50ཅན་དང་། སྒོར20ཅན། སྒོར10ཅན། ཤོག་སྒོར1ཅན་བཅས་དང་།  སྒོར1ཅན་དང་ཟུར5ཅན། ཟུར1ཅན་བཅས་ཀྱི་དངུལ་སྒོར་འགྲེམས་སྤེལ་བྱས་པ་རེད། དེའི་རྫུན་འགོག་ནུས་པ་དང་པར་འདེབས་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས་སྤྱི་ཚོགས་ཡོངས་སུ་གདེང་འཇོག་ལེགས་པོ་ཐོབ་པ་རེད།  
         “མི་དམངས་ཤོག་སྒོར་ཇེ་ལེགས་སུ་གཏོང་བའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་སྟེ། མི་དམངས་ཤོག་སྒོར་འཁོར་རྒྱུག་དང་བེད་སྤྱོད་ཀྱི་འཕེལ་རྒྱས་དང་འཚམ་པར་བྱས་ནས་མི་དམངས་ཤོག་སྒོར་ཧྲིལ་པོའི་ཇུས་འགོད་ཆུ་ཚད་དང་རྫུན་འགོག་ནུས་པ་ཆེ་རུ་གཏོང་བ་དང་། རབས་ལྔ་པའི་མི་དམངས་ཤོག་སྒོར་མུ་འབྲེལ་ཅན་རྒྱུན་འཁྱོངས་བྱེད་ཆེད། ཀྲུང་གོའི་མི་དམངས་དངུལ་ཁང་གིས2020ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་འགྲེམས་སྤེལ་བྱ་རྒྱུ་ཐག་བཅད་པ་དང་། ད་ལྟ་སྤྱོད་བཞིན་པའི་སྒོར5ཅན་གྱི་མི་དམངས་ཤོག་སྒོར་གྱི་པར་རིས་གཙོ་བོ་དང་། ཚོས་གཞི་གཙོ་བོ། ཚད་གཞི་ཆེ་ཆུང་སོགས་འབྲེལ་ཡོད་ཀྱི་ཆ་གཙོ་བོ་དག་འགྱུར་བ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཕྱིའི་རྣམ་པ་དང་རྫུན་འགོག་གི་ཁྱད་ཆོས། དེ་བཞིན་དེའི་སྒྲིག་བཀོད་སོགས་ལེགས་སྒྲིག་བྱས་ཡོད་ལ། སྔོན་ཐོན་གྱི་རྫུན་འགོག་ལག་རྩལ་སྤྱད་དེ། རྫུན་འགོག་ནུས་པ་དང་པར་འདེབས་སྤུས་ཚད་མཐོ་རུ་བཏང་ནས་སྤྱི་དམངས་དང་རང་འདེམས་སྒྲིག་ཆས་ཀྱིས་དབྱེ་འབྱེད་བྱེད་བདེ་པོ་ཡོང་བ་བྱས་ལ། ད་ལྟ་རབས་ལྔ་པའི་མི་དམངས་ཤོག་སྒོར་གྱི་ད་ཐེངས་ཀྱི་རིམ་སྤོར་ལས་དོན་ལེགས་གྲུབ་ཟིན་པ་རེད”ཅེས་དེའི་འགན་འཛིན་པས་དེ་ལྟར་བཤད། 
         2020ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་དང་ད་ལྟ་སྤྱོད་བཞིན་པའི2005ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་བར་གྱི་ཁྱད་པར་སྐོར་ལ། འགན་འཛིན་པས་བརྗོད་དོན། 2020ལོའི་པར་གཞིའི་མི་དམངས་ཤོག་སྒོར་སྒོར5ཅན་གྱི་ཤོག་དངུལ་གྱི་གྲུབ་ཆའི་རིམ་པ་དང་ཕྱིའི་རྣམ་པ་ཇེ་ལེགས་སུ་བཏང་ཡོད་ཅེས་ཟེར། 
         ཐོག་མར་མདུན་ངོས་དབུས་ཀྱི་གྲངས་ཀ་དེ་འོད་མདངས་ལྡན་པའི་ཨང་ཀི“5”ལ་ལེགས་སྒྲིག་བྱས་པ་དང་། གཡོན་གྱི་འོག་ཟུར་དང་གཡས་ཀྱི་སྟེང་ཟུར་གྱི་ཆ་ཤས་པར་རིས་དེ་ཀོང་བུའི་དཔར་ཆ་ཡི་གྲངས་ཀ་དང་ཀོང་བུའི་དཔར་ཆ་ཡི་པར་རིས་སུ་ལེགས་སྒྲིག་བྱས་ཡོད། གཡོན་ཕྱོགས་སུ་རྒྱན་རིས་ཀྱི་རི་མོ་ཁ་སྣོན་བྱས་ཡོད་ལ། དངུལ་ཐང་གྲངས་ཀ་དེ་ཆུ་དཔར་དཀར་པོའི་གནས་སུ་ལེགས་སྒྲིག་བྱས་ཤིང་། གཡོན་ངོས་ཀྱི་མེ་ཏོག་ཆུ་དཔར་དང་། གཡོན་ངོས་ཀྱི་འཕྲེད་ཀྱི་ཨང་རྟགས། དཀྱིལ་གྱི་རྒྱན་རིས་མེ་ཏོག་ཚོམ་བུ། གཡས་ངོས་ཀྱི་མའོ་ཙེ་ཏུང་གི་དབུ་བརྙན་རྣམ་པ་བཅས་ལེགས་སྒྲིག་བྱས་པ་དང་། དཀྱིལ་གྱི་བརྡ་ཚང་ཁབ་ལེན་སྒེའུ་ཁུང་ཕྱེ་བའི་བདེ་འཇགས་ཐིག་དང་གཡས་ངོས་ཀོང་དཔར་ཚོར་བའི་ཐིག་མེད་པར་བཟོས་པ་རེད། 
         དེ་ལས་གཞན། རྒྱབ་ངོས་ཀྱི་གཡོན་གྱི་སྟེང་ཟུར་དང་གཡས་ཀྱི་འོག་ཟུར་གྱི་ཆ་ཤས་རི་མོ་དེ་ཀོང་དཔར་ཆའི་གྲངས་ཀ་དང་ཀོང་དཔར་ཆའི་པར་རིས་སུ་ལེགས་སྒྲིག་བྱས་པ་དང་།  ཡུལ་ལྗོངས་གཙོ་བོ་དང་གྲངས་ཀའི་རྣམ་པ་ལེགས་སྒྲིག་བྱས་ཡོད་ལ། ཤོག་སྒོར་ངོས་ཀྱི་ལོ་རྟགས་དེ“2020ལོ”ཞེས་པར་བསྒྱུར་ཡོད།
         “ད་ལྟ་སྤྱོད་བཞིན་པའི2005ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་དང་བསྡུར་ན། 2020ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་གྱི་རྫུན་འགོག་ལག་རྩལ་དང་པར་འདེབས་སྤུས་ཚད་ཀྱི་ཕྱོགས་མང་པོའི་ཐད་ཇེ་ལེགས་སུ་ཕྱིན་ཡོད2020ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་དང2019ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར50ཅན་དང་། སྒོར20ཅན། སྒོར10ཅན། སྒོར1ཅན། དེ་བཞིན2015ལོའི་པར་གཞིའི་ཤོག་སྒོར་སྒོར100ཅན་བཅས་ཀྱི་རྫུན་འགོག་ལག་རྩལ་དང་དེའི་བཀོད་པ་མུ་འབྲེལ་ཅན་དུ་གྱུར་ཡོད། ད་ལྟ་སྤྱོད་བཞིན་པའི2005ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོར་སྒོར5ཅན་ནི་རྫུན་འགོག་ལག་རྩལ་གྱི་རྨང་གཞིའི་སྟེང་འོད་མདངས་ཅན་གྱི་གྲངས་ཀ་དང་། ཀོང་དཔར་ཆའི་གྲངས་ཀ་དང་ཀོང་དཔར་ཆའི་པར་རིས་སོགས་རྫུན་འགོག་གི་ནུས་པ་ཆེ་རུ་བཏང་ཡོད་ལ། བརྡ་ཚང་ཁབ་ལེན་རང་བཞིན་གྱི་སྒེའུ་ཁུང་གི་བདེ་འཇགས་ཐིག་དང་ཚོར་བའི་ཐིག་མེད་པར་བཟོས་ནས། ཁབ་ལེན་རང་བཞིན་ལྡན་པའི་མངོན་མིན་བདེ་འཇགས་ཐིག་བཀོལ་ཡོད། སྤྱི་ཡོངས་ནས་བལྟས་ན། བེད་སྤྱོད་བྱས་པའི་རྫུན་འགོག་ལག་རྩལ་སྔར་ལས་སྔོན་ཐོན་དང་སྒྲིག་བཀོད་སྔར་ལས་ལུགས་མཐུན་ཡིན་པ། སྤྱི་ཡོངས་ཀྱི་རྫུན་འགོག་ནུས་པ་དེ་ད་ལྟ་སྤྱོད་བཞིན་པའི2005ལོའི་པར་གཞིའི་རབས་ལྔ་པའི་མི་དམངས་ཤོག་སྒོརསྒོར5ཅན་ལས་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད།”ཅེས་ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པས་དེ་ལྟར་བཤད། 
འབྲེལ་ཡོད་རྩོམ་ཡིག