ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གསོ་པུས་སྤྱི་སྤྱོད་སྐད་ཡིག་མ་ཡིན་པ་སོགས་ཤེས་ལྡན་པ་རིགས་ལྔ་གསོ་སྐྱོང་ཆེར་བྱ་རྒྱུ་རེད།

2015-04-29

ཤིན་ཧྭ་གསར་ཁང་པེ་ཅིང་ནས་ཟླ་༡ཚེས་༢༣ཉིན་གློག་འཕྲིན་འབྱོར་གསལ། ཚེས་༢༣ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་རྒྱལ་གྱིས《༢༠༡༥ལོ་ནས་༢༠༡༧ལོ་བར་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་གྱི་བྱ་སྤྱོད་འཆར་གཞི》བཏོན་ནས་འབྱུང་འགྱུར་ལོ་གསུམ་ནང་ཤེས་ལྡན་པ་རྩེ་གྲ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཤེས་ལྡན་པ། སྤྱི་སྤྱོད་སྐད་ཡིག་མ་ཡིན་པའི་ཤེས་ལྡན་པ། ཀྲུང་གོར་ཡོང་བའི་ཕུལ་བྱུང་གཞོན་ནུ་ཤེས་ལྡན་པ། རྒྱལ་ཁབ་དང་ས་ཁོངས་ཞིབ་འཇུག་ཤེས་ལྡན་པ་སོགས་ཤེས་ལྡན་པ་རིགས་ལྔ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་སྤྱོད་སྐད་ཡིག་མ་ཡིན་པ་དང་རྒྱལ་སྤྱིའི་རྩ་འཛུགས་སོགས་ཐད་རང་རྒྱལ་ལ་ཤེས་ལྡན་པ་གྲབས་གསོག་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཡོད་ཅིང་། རང་རྒྱལ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་༡༧༢ནང་སྤྱི་སྤྱོད་སྐད་ཡིག་མ་ཡིན་པའི་རྒྱལ་ཁབ་༨༨ཡོད། འོན་ཀྱང་མིག་སྔར་རང་རྒྱལ་གྱི་མཐོ་སློབ་ཏུ་དེའི་ཁྲོད་ཀྱི་སྐད་ཡིག་༦༠ཙམ་གྱི་སློབ་ཚན་ལས་བཀོད་སྒྲིག་བྱས་མེད། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་སྒྲིག་གཞིའི་ལས་དོན་ནང་རང་རྒྱལ་གྱིས་ནུས་པ་གལ་ཆེན་འདོན་གྱི་ཡོད་རུང་རྒྱལ་སྤྱིའི་རྩ་འཛུགས་དེ་དག་ནང་ཀྲུང་གོའི་ལས་མི་ཧ་ཅང་ཉུང་ཉུང་ཡིན་པ་རེད།

འབྲེལ་ཡོད་རྩོམ་ཡིག