ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གསོ་གཏོང་བཏང་ཐད་ཀྱི་ཕྱི་རྒྱལ་མཁས་པའི་གདམ་ངག

2015-04-29

སློབ་གསོའི་བྱ་གཞག་འབའ་ཞིག་དང་དེའི་ལས་དོན་མཐའ་དག་ཀུན་སྤྱོད་ཁོངས་སུ་གཏོགས་ཆོག་པར།སྒོས་སུ་ཀུན་སྤྱོད་ནི་མིའི་རིགས་ཀྱི་ཚད་མཐོའི་དམིགས་ཡུལ་ཞིག་ཡིན་པས།དེ་ཚད་མཐོའི་སློབ་གསོའི་དམིགས་ཡུལ་ཞིག་ཀྱང་ཡིན། །

ཁྱེད་ཀྱིས་སོ་སོའི་བུ་ཕྲུག་ཚོར་མི་བཟང་ལས་བཟང་དང་ཀུན་སྤྱོད་བཟང་པོའི་སློབ་གསོ་མང་ཙམ་བསྐྱོན་དགོས།ཀུན་སྤྱོད་བཟང་པོས་ང་ཚོར་བདེ་སྐྱིད་འཐོབ་ཐུབ་པ་ལས་རྒྱུ་ནོར་ལས་བདེ་སྐྱིད་འཐོབ་མི་ཐུབ།དེ་ངའི་མི་ཚེའི་ཉམས་མྱོང་གི་བསླབ་བྱ་ཡིན།དེ་སྔ་ང་ཉམ་ཐག་སྐྱོ་གནས་སུ་ལྷུང་དུས་དཔའ་ངར་མ་ཞུམ་པར་མུ་མཐུད་ཡིད་ཆེས་བརྟན་པོ་བཅངས་ཐུབ་པ་དེ་ནི་ཀུན་སྤྱོད་བཟང་པོའི་བཀའ་དྲིན་ཡིན།དེ་སྔ་ངས་རང་སྲོག་བློས་གཏོང་མི་བྱེད་པ་དེ་ཡང་ངའི་ལྷག་བསམ་སྒྱུ་རྩལ་ལ་ཆེས་ཆེར་ཕྱོགས་པའི་ཐུགས་རྗེས་ཡིན་ནོ། །

བུ་ཕྲུག་ཅིག་དར་དམར་གསོ་སྐྱོང་བྱ་རྒྱུའི་ལས་འགན་མཆོག་ཏུ་གྱུར་པ་དེ་ལས་ད་དུང་ལས་འགན་གལ་ཆེ་བ་གང་ཡོད་པ་ངས་མི་རྟོགས་པའོ། །

སློབ་གྲྭའི་དམིགས་ཡུལ་ནི་རང་རྐྱ་འཕེར་བའི་ལས་དོན་པ་དང་རང་ཚུགས་ཀྱིས་བསམ་གཞིགས་ཐུབ་མཁན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་ལགས།སྐྱེ་བོ་ཞིག་གིས་རིག་གཞུང་ཚན་ཁག་ཅིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་མ་ཟད།རང་ཚུགས་ཀྱིས་བསམ་གཞིགས་ཐུབ་པ་དང་།ལས་དོན་སྤེལ་ཐུབ་ཚེ།སྐྱེ་བོ་དེར་སོ་སོའི་མདུན་ལམ་རྙེད་ཐུབ་ལ་ཤེས་བྱ་ཐན་ཐུན་ཐོབ་པར་བརྟེན་ནས་མཁས་པའི་གོ་འཕང་ཐོབ་འདོད་བྱེད་མཁན་མི་དག་ལས་དེ་བས་ཁོར་ཡུག་ཡར་ཐོན་དང་གནས་བབ་འགྱུར་ལྡོག་བྱུང་བའི་གནས་ཚུལ་ལེགས་པར་འཕྲོད་ཐུབ།སློབ་གྲྭ་དང་འཚོ་བས་རེ་སྐུལ་ཆེ་ཤོས་ནི་ལས་ཀར་དགའ་ཞེན་ཆེན་པོ་བཅང་དགོས་པ་སྟེ།ལས་ཀར་གྲུབ་འབྲས་ཐོན་ཐུབ་པའི་དགའ་ཞེན་བཅང་ཐུབ་པ་དང་གྲུབ་འབྲས་ནང་ནས་སྤྱི་ཚོགས་ཀྱི་རིན་ཐང་མངོན་གྱུར་ཡོང་བའི་དགའ་ཞེན་བཅང་ཐུབ་པ་བྱ་རྒྱུ་དེ་ཡིན། །

བཤེས་གཉེན་བཟང་པོས་རང་གི་སློབ་མར་བདེན་དོན་སློབ་ཁྲིད་གནང་ཞིང་།བདེན་དོན་ལ་རྣམ་འགྱུར་འཛིན་སྟངས་ཀྱང་སློབ་ཁྲིད་གནང་ནས་སློབ་ཕྲུག་ཚོར་བྱ་བ་བཟང་པོ་བསྒྲུབ་དགོས་པ་དང་བྱ་བ་བཟང་པོར་ཡིད་སྨོན་སྐྱེ་དགོས་པའི་སྐུལ་འདེད་གནང་ཐུབ་པ་མ་ཟད།བྱ་ངན་ལ་འཛེམས་མེད་འགོག་རྒོལ་ཁ་རྡུང་གཏང་དགོས་པའི་སྐུལ་སློང་གནང་ཐུབ་པའོ། །

དགེ་རྒན་ནི་སློབ་གྲྭའི་ཆེས་ཐད་མཐོང་དང་གཟུགས་བརྙན་དམར་རྗེན་དུ་མངོན་པའི་གལ་ཆེའི་མིག་དཔེ་ཞིག་དང་།སློབ་མའི་མིག་དཔེ་བཟང་ཤོས་ཤིག་ཡིན།ཁོང་རྣམ་པས་སྐྱེ་བོ་རྣམས་ཡང་དག་འགྲོ་ལམ་ཐོག་སྣེ་འཁྲིད་ཐུབ་པའི་འདུན་པ་བཅང་སྟེ་ཁོ་ཚོར་བཟང་པོ་དང་བདེན་པའི་ལས་ལ་དགའ་ཞེན་ཆེན་པོ་བཅང་དགོས་པའི་སྐུལ་སློང་གནང་ནས་ཁོ་ཚོའི་བྱང་ཚད་དང་འཇོན་ཐང་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཡོང་བ་གནང་གི་ཡོད།སྒོས་སུ་ཁོང་ཚོས་རང་ལུས་ཀྱི་ཀུན་སྤྱོད་བཟང་པོ་ཡར་རྒྱས་གང་ལེགས་ཡོང་བ་གནང་གི་ཡོད།ཁྱེད་ཀྱིས་རང་ལུས་ཀྱི་བྱང་ཚད་སློབ་གསོར་འབད་བརྩོན་ལྷོད་མེད་གནང་ཕྱིན།གཞི་ནས་ཁྱེད་ཀྱིས་མི་གཞན་ལ་སློབ་གསོ་གཏང་ཐུབ་པའོ། །

ཁྱེད་ཀྱིས་བཙན་འཁྲིད་ཀྱིས་སློབ་འཁྲིད་བྱ་ཐབས་ལ་བརྟེན་ནས་ན་གཞིན་བྱིས་པ་ཞིག་བཀའ་སྲུང་ཅི་སྒྲུབ་ཞུ་མཁན་གྱི་རང་ཚུགས་ཐུབ་པ་དང་རང་རྐྱ་འཕེར་བའི་བསམ་གཞིགས་བྱེད་ཐུབ་མཁན་གྱི་མི་མཆོག་ཏུ་གྱུར་བ་ཞིག་ཆགས་པ་བྱ་དགོས་དགོངས་ཚེ།བློ་རིག་འདི་རིགས་ཚང་བའི་ཀུན་སྤྱོད་བཟང་པོ་ལྡན་པའི་བྱ་ཐབས་ལག་བསྟར་ཐུབ་པའི་ཤུགས་སྣོན་རྒྱག་དགོས། །

སློབ་མ་ཞིག་གི་ངོས་ནས་གླེང་ན་རིག་པས་ཁུངས་སྐྱེལ་ཐུབ་པ་རྟོགས་པ་བྱ་རྒྱུ་དེ་ནི་རིག་པས་ཁུངས་སྐྱེལ་དངོས་ཐུབ་པ་རྟོགས་པ་ལས་གལ་ཆེ་བའོ།།

སློབ་སྦྱོང་བྱེད་པའི་སེམས་ཤུགས་ནི་ཐོག་མར་སློབ་མ་ནས་བྱུང་བ་ལགས།ང་ཚོས་ངེས་པར་དུ་ཁོང་ཚོར་ལུས་སྟེང་ནས་སེམས་ཤུགས་འདི་རིགས་འཚོལ་ཞིབ་ཐུབ་པ་བྱ་དགོས།དེ་ཡང་ན་གཞོན་བྱིས་པ་ཡིན་ནའང་སྣང་ཆུང་གཏན་ནས་བྱ་མི་རུང་བའོ། །

མི་ཞིག་གི་འབྱུང་འགྱུར་གང་འདྲ་ཞིག་ཆགས་མིན་གཙོ་བོ་ཁྱེད་ཚོས་མི་དེ་ལོ་ལྔའི་གོང་མི་གང་འདྲ་ཞིག་ཏུ་གསོ་སྐྱོང་གནང་བར་བལྟ་དགོས།ཁྱེད་ཚོས་མི་དེ་ལོ་ལྔར་མ་སོན་གོང་སློབ་གསོ་ཡང་དག་མ་བསྐྱོན་ཚེ།ཕྱིན་ཆད་ཡང་བསྐྱར་སློབ་གསོ་མུ་མཐུད་མ་སྐྱོན་ཐབས་མེད་དོ། །

ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་གནང་ཡས་མ་འདང་ཚེ་ཁོ་ཚོར་སྡུག་བསྔལ་ཆེན་པོ་ཡོང་མོད།ཡིན་ནའང་ཕ་མས་བུ་ཕྲུག་ལ་བྱམས་དྲགས་ཚེ། དེ་ནི་བརྩེ་དུང་ཟབ་མོ་བཅངས་པ་ཞིག་ཡིན་ནའང་ཕྱིས་འབྱུང་བུ་ཕྲུག་ལ་བར་ཆད་ཡོང་བའི་གཞི་རུ་འགྱུར་བའོ། །

ཕྲུ་གུ་དཀྱུས་མ་ཞིག་ཡིན་ནའང་སློབ་གསོ་ཡག་པོ་བྱུང་ཚེ།ཕུལ་བྱུང་གི་མི་སྣ་ཞིག་ཆགས་ཐུབ་པའོ། །

ཕྲུ་གུ་ཚོས་འབྱུང་འགྱུར་བྱ་བ་གང་སྒྲུབ་ཀྱང་ཆུང་ཙག་ནས་འགོ་འཛུགས་དགོས་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད།ཕ་མས་བཙན་ཤེད་ཀྱིས་ཕྲུ་གུར་སློབ་གསོ་བཏང་བ་དེས་ཁོ་ཚོ་ཁོར་ཡུག་མུན་ཁུང་ལྟ་བུར་བཅུག་བཞག་ནས་ཁོ་ཚོའི་ཡིད་འོང་བྱ་གཞག་གསར་གཏོད་བྱེད་པའི་གོ་སྐབས་ཡོད་ཚད་བཙན་འཕྲོག་བྱེད་ཀྱི་ཡོད་པ་དེ་ཕ་མ་ཚོར་ངོས་འཛིན་ཐུབ་མིན་ངས་དངོས་གནས་རྟོགས་མི་ཐུབ་པའོ། །

སློབ་ཕྲུག་ཚོའི་བསམ་བློ་དང་།ལས་དོན།བློ་རིག་བཅས་ཀྱི་རང་འགུལ་བསམ་པར་སྐུལ་སློང་གཏོང་ཐུབ་པའི་ཐབས་ཤེས་ཡིན་ཕྱིན་ཚང་མ་ཐབས་ཤེས་བཟང་པོ་ཤ་སྟག་ཡིན་ནོ། །

བཤེན་གཉེན་དམ་པ་ཚོས་སློབ་མར་སོ་ཕག་གི་བྱ་གཞག་བསྒྲུབ་དགོས་པའི་བཀའ་སློབ་ཡང་ཡང་གནང་བ་མ་ཟད།རང་ཉིད་ཁོ་ཚོ་དང་མཉམ་དུ་ཁང་ཆེན་གསར་བཞེངས་བྱས་ནས་ཁོ་ཚོར་ཁང་ཆེན་བཟོ་སྐྲུན་བྱེད་སྟངས་སློབ་སྟོན་ཞིབ་ཕྲ་གནང་བ་ལས།ཁོ་ཚོ་ལོ་ངོ་སྟོང་ཕྲག་གོང་བཞེངས་པའི་ཁང་ཆེན་ནང་བསྡད་མི་བཅུག་པའོ། །

ང་ཚོས་ཉེས་རྡུང་དང་ཉེས་ཚད་ཚ་ནན་གཏོང་རྒྱུ་དེ་བྱིས་པར་སློབ་གསོ་ཡག་པོ་ཐེབས་པའི་ཐབས་ཤེས་བཟང་པོར་དུས་ནམ་ཡང་བརྩི་མི་རུང་།གང་ལགས་ཤེ་ན།དེས་བྱིས་པའི་སེམས་དབུས་སུ་མི་དར་མའི་རྩུབ་སྤྱོད་ངན་པ་དེ་དམར་རྗེན་དུ་མངོན་ཞིང་།སྒོས་སུ་ཉེས་རྡུང་དང་ཉེས་ཆད་ཚ་ནན་བཏང་བ་དེས་བྱིས་པའི་གཤིས་སྤྱོད་ཀླད་རྙིང་མཁྲེགས་བཟུང་ཅན་དུ་གྱུར་བ་ཙམ་མ་ཟད(བྱིས་པས་རང་སྐྱོན་ངོས་འཛིན་ཐུབ་སྐབས)ཁོ་ཚོ་སྐྱོབས་ཐབས་བྲལ་བའི་དཔའ་ཉམས་ཞུམ་པ་དང་མི་གཏམ་འདོད་ཅན་པར་གྱུར་བས་སོ། །

སློབ་གསོ་གཏོང་མཁན་གྱིས་སློབ་གསོ་བཏང་ཡུལ་ལ་སློབ་གསོ་ཐེབས་པ་བྱ་རྒྱུ་ནི་ཤེས་ཡོན་བསླབས་ཟིན་པ་ཙམ་མ་ཟད།གང་ཉིད་ཀྱི་ཀུན་སྤྱོད་དང་།འཚོ་བ་སྐྱེལ་སྟངས།རྣམ་ཀུན་གྱི་སྤྱོད་ཚུལ་བཅས་ཡིན་པ་རྟོགས་དགོས་པའོ། །

དགེ་རྒན་ལ་མཚན་སྙན་བཟང་པོ་དགོས་ངེས་ཡང་དག་པ་ཞིག་སྟེ།སློབ་ཕྲུག་ཚོས་མཚན་སྙན་བཟང་པར་མ་གཏོགས་བསམ་འཆར་གང་ཞིག་ལའང་དོ་སྣང་མི་བྱེད་པའོ། །

དགེ་རྒན་གྱི་མཚན་སྙན་ནི་དགེ་རྒན་ཞིག་གིས་སློབ་གསོའི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་མཐུན་རྐྱེན་དགོས་ངེས་ཤིག་ཡིན།མཚན་སྙན་འདི་མེད་ཚེ།དགེ་རྒན་དང་སློབ་མའི་བར་འབྲེལ་བ་དམ་ཟབ་མི་ཡོང་ཞིང་།སློབ་འཁྲིད་སློབ་གསོའི་བྱེད་སྒོ་བདེ་བླག་ངང་སྤེལ་བའི་ཆ་རྐྱེན་བཟང་པོ་ཚང་མེད་པ་མངོན་པ་ཞིག་གོ །

གང་ཉིད་ཀྱི་སློབ་གྲྭའི་སྒྲིག་ཁྲིམས་སྒྲིག་ལམ་ཡག་པོ་བཅོས་སྒྲིག་གནང་དགོས་དགངོས་པ་དེ་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པས།ཡིན་ནའང་དང་ཐོག་དགེ་རྒན་གྱི་མཚན་སྙན་མཐོར་འདེགས་གནང་དགོས་སོ། །

སློབ་གསོའི་བྱ་ཐབས་མཐའ་དག་སློབ་གསོ་བྱེད་མཁན་གྱི་ཀུན་སྤྱོད་གཞིར་འཛིན་དགོས་པ་ལགས།ཀུན་སྤྱོད་ཁོ་ནས་མ་གཏོགས་ཀུན་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་ཅིང་།གཤིས་རྒྱུད་ཁོ་ནས་མ་གཏོགས་གཤིས་རྒྱུད་བཟང་པོ་ཆགས་པ་བྱ་མི་ཐུབ་པའོ། །

བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་མངའ་བའི་སྐྱེ་བོས་མ་གཏོགས་སོ་སོར་གང་དགོས་མཁོ་ཡོད་པ་དང་།ཅིའི་ཕྱིར་དགོས་པ།བྱ་ཐབས་གང་བརྒྱུད་དེ་སོ་སོའི་འདོད་འདུན་མངོན་འགྱུར་ཡོང་བ་སོགས་མི་རྟོགས་གཤིས།སྒོས་སུ་སྐྱེ་བོ་དེ་དག་གིས་མ་གཏོགས་བློ་ཐག་ཆོད་ཅིང་།སྙིང་སྟོབས་ཆེ་བའི་མི་གཤིས་རྒྱུད་བཟང་པོ་ལྡན་པ་གསོ་སྐྱོང་བྱེད་མི་ཐུབ་པའོ། །

སློབ་གསོའི་ལས་དོན་བྱེད་པའི་རྒྱུད་རིམ་ནང་དགེ་རྒན་ལ་ཀུན་སྤྱོད་བཟང་པོའི་བསླབ་བྱ་ལྡན་མེད་པ་དང་།རིག་པའི་གནས་ལ་བྱང་ཆུབ་པའི་ཤེས་བྱ་མེད་ན་མི་འགྲིག་པ་ལགས།སློབ་མས་གུས་བཀུར་ཞུ་སའི་དགེ་རྒན་སྙན་གྲགས་ཅན་གྱི་བསླབ་བྱ་ཚད་མཐུན་ཞིག་ཡིན་ཚེ།གནས་བབ་དང་འཚམ་པའི་སློབ་གསོའི་དོན་སྙིང་ཐོན་ཐུབ་པའོ། །

ཁྱེད་ཀྱིས་སློབ་ཕྲུག་གི་ཞན་ཆ་ཡོ་བསྲང་གནང་དགོས་དགོངས་ཚེ།དང་ཐོག་སློབ་མར་སོ་སོའི་ཞན་ཆ་གསལ་བཤད་ངེས་པར་གནང་དགོས།འདི་ལྟར་གནང་ཐུབ་ཚེ་ཁོ་ཚོར་གང་ཉིད་ཀྱི་ལུས་ཐོག་ནས་ཞན་ཆར་འཐབ་རྩོད་བྱེད་པའི་ཉམས་མྱོང་བསླབ་བྱ་ཐོབ་པ་མ་ཟད།ཁོ་ཚོས་གང་ཉིད་མིག་དཔེར་བཟུང་ནས་སོ་སོའི་ཞན་ཆ་ཡོ་བསྲང་བྱ་ཐུབ་པའོ། །

འབྲེལ་ཡོད་རྩོམ་ཡིག