ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

༢༠༡༥ ལོར་ཞིང་གྲོང་སློབ་མ་གཙོ་གནད་སློབ་ཆེན་དུ་བསྡུ་བའི་བསྡུ་གྲངས་ཇེ་མང་དུ་གཏོང་རྒྱུ་རེད།

2015-04-29

“༢༠༡༥ལོར། དངོས་གཞིའི་སློབ་བསྡུའི་འཆར་གཞི་གསར་སྣོན་ཆ་ཚང་མཐོ་རིམ་སློབ་གསོའི་ཐོན་ཁུངས་བལྟས་བཅོས་ཀྱི་འཁོས་ཞན་དང་། སློབ་འཕར་གནོན་ཤུགས་ཅུང་ཆེ་བའི་ཀྲུང་གོའི་དབུས་ཁུལ་དང་ནུབ་རྒྱུད་ཀྱི་མི་གྲངས་མང་པའི་ཞིང་ཆེན་དུ་བཀོད་སྒྲིག་བྱས་ནས།སློབ་བསྡུའི་ཚད་ཆེས་དམའ་བའི་ཞིང་ཆེན་དང་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་དབར་གྱི་བར་ཁྱད་སྔར་བས་ཇེ་ཆུང་དུ་བཏང་འདུག”ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཡུལ་མཐོ་རྒྱུགས་སློབ་བསྡུའི་འཆར་གཞི་དོ་དམ་བཅོས་སྒྱུར་ལས་གཞན།དེ་རིང་བསྡུས་པའི༢༠༡༥ལོའི་རྒྱལ་ཡོངས་སློབ་གསོའི་ཚོགས་འདུའི་སྟེང་།སློབ་གསོ་པུའུ་ཡི་པུའུ་ཀྲང་ཡོན་ཁེ་རུན་གྱིས་སློབ་གསོའི་འདྲ་མཉམ་སྐུལ་འདེད་སྐོར་གྱི་ཁ་ཕྱོགས་མང་པོ་བསྟན་སོང་།

རྒྱུས་ལོན་བྱུང་པ་ལྟར་ན།༢༠༡༤ལོའི་ཞིང་གྲོང་སློབ་མ་གཙོ་གནད་སློབ་ཆེན་དུ་ཞུགས་གྲངས༢༠༡༣ལོ་ལས་བརྒྱ་ཆའི༡༡.༤འཕར་ཏེ་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་བཏོན་པའི་བརྒྱ་ཆའི་བཅུ་ཡན་གྱི་དམིགས་ཡུལ་མངོན་འགྱུར་བྱུང་འདུགཞིང་གྲོང་དབུལ་ཕོངས་ས་ཁུལ་གྱི་དམིགས་འཛུགས་སློབ་བསྡུའི་ཆེད་དོན་འཆར་གཞིར་ན་ནིང་ཞིང་གྲོང་ས་ཁུལ་གྱི་ཕུལ་བྱུང་བྱིས་པ་ཁྲི༥བསྡུས།སློབ་གསོ་པུའུ་ཡིས།སློབ་གསོ་པུའུ་ཡི་ཐད་གཏོགས་སློབ་ཆེན་དང་རང་སྒེར་སློབ་བསྡུ་དཔེ་སྟོན་སློབ་ཆེན་གཞན་དག་གིས་ཞིང་གྲོང་སློབ་མ་ལོགས་སུ་བསྡུ་བ་ལག་བསྟར་བྱེད་དགོས་ཤིང་།སློབ་བསྡུའི་ཁ་གྲངས་ནི་ལོ་འཁོར་འདིའི་དངོས་གཞིའི་སློབ་བསྡུའི་སྤྱི་གྲངས་ཀྱི་བརྒྱ་ཆའི་གཉིས་ལས་ཉུང་མི་རུང་ཞེས་བླང་བྱ་བཏོན་འདུགཡོན་ཁེ་རུན་གྱིས།ད་ལོར་སྔར་བཞིན་ཀྲུང་གོའི་དབུས་ཁུལ་དང་ནུབ་རྒྱུད་ས་ཁུལ་ལ་རོགས་སྐྱོར་གྱི་སློབ་བསྡུའི་མཐུན་སྦྱོར་འཆར་གཞི་དང་།ཞིང་གྲོང་དབུལ་ཕོངས་ས་ཁུལ་དུ་དམིགས་འཛུགས་ཀྱི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ་ཞིང་གྲོང་སློབ་མ་གཙོ་གནད་སློབ་ཆེན་དུ་བསྡུ་བའི་ཁ་གྲངས་སྔར་ལས་ཇེ་མང་དུ་གཏོང་དགོས་ཞེས་བསྟན།

ཡོན་ཁེ་རུན་གྱིས་གཏམ་བཤད་དུ་ནུབ་རྒྱུད་ས་ཁུལ་སྐོར་གྱི་སྲིད་བྱུས་མང་ཙམ་ཐོན་ཡོད།ཁོས་ཤར་ནུབ་ས་ཁུལ་གཉིས་ཀྱིས་ཁ་མཐུན་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས་དབུས་ཁུལ་དང་ནུབ་རྒྱུད་ཀྱི་བྱིས་པ་སྔར་བས་མང་པོ་ཤར་རྒྱུད་དང་གྲོང་ཁྱེར་དུ་ཆེད་ལས་སློབ་གསོ་མྱོང་དུ་བཅུག་ནས་ཁོ་ཚོའི་ལས་ཞུགས་དང་ལས་རིགས་གསར་གཏོད་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་།མུ་མཐུད་དུ་དབུས་ཁུལ་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་འཆར་གཞིར་སྐུལ་འདེད་བྱེད་པ།དབུས་ཁུལ་དང་ནུབ་རྒྱུད་ས་ཆའི་སློབ་ཆེན་གྱི་རྨང་གཞིའི་ནུས་ཤུགས་འཛུགས་བསྐྲུན་ལས་གཞི་དང་དབུས་ཁུལ་དང་ནུབ་རྒྱུད་ས་ཆའི་མཐོ་རིམ་སློབ་ཆེན་གྱི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་ལས་གཞིར་སྐུལ་འདེད་བྱེད་པ།དབུས་ཁུལ་དང་ནུབ་རྒྱུད་ས་ཁུལ་དུ་ཐུན་མིན་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་མཐོ་རིམ་སློབ་གྲྭ་སྐོར་ཞིག་འཛུགས་བསྐྲུན་བྱེད་པ་དང་ཆབས་ཅིགསློབ་ཚན་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ནས་དེང་རབས་སློབ་གསོའི་ལག་རྩལ་དང་སློབ་གསོའི་ཐབས་ལམ་བཀོལ་སྤྱོད་གང་ལེགས་བཏང་ཐོག་དབུས་ཁུལ་དང་ནུབ་རྒྱུད་ས་ཁུལ་གྱི་འཇོན་མི་སྐྱེད་བསྲིངས་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་བསྟན།

དེ་ལས་གླེང་རིན་ཡོད་པ་ཞིག་ནི་དེ་སྔོན་སློབ་གྲྭ་ཁག་གཅིག་སྡུད་བྱེད་སྟངས་དེ་ད་ནི་ས་བབ་དང་བསྟུན་སོར་འཇོག་མ་ཟད་གྲོང་ཚོའི་སློབ་གྲྭ་དང་སློབ་ཁྲིད་ས་ཚིགས་འཛུགས་བསྐྲུན་གནང་རྒྱུ་རེད།སྨྱན་སྦྱོར་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་པའི་ཞིང་གྲོང་གི་ལྐོག་གྱུར་སློབ་བྱོལ་གནད་དོན་ཐད་ཡོན་ཁེ་རུན་གྱི་གཏམ་བཤད་ལས།ཚད་ངེས་ཅན་སྟེང་ཞིང་གྲོང་དབུལ་ཕོངས་ས་ཆའི་འོས་འགན་སློབ་གསོའི་སློབ་མའི་སློབ་བྱོལ་ཚད་ཇེ་དམར་བཏང་ནས་གཅིག་ཀྱང་ཆད་མི་རུང་པའི་དམིགས་ཡུལ་ལེགས་པོ་སྒྲུབ་དགོས་ཟེར།

༢༠༡༤ལོར་ཞིང་གྲོང་སློབ་གསོའི་སྤྱི་སྤྱོད་འགྲོ་སོང་ཐད་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར༨༧༨.༩༧ལག་བསྟར་བྱས་ཤིང་།དེ་ནི་ལོ་སྔོན་དང་བསྡུར་ན་དུང་ཕྱུར༥༣འཕར་ཡོད།ད་ལོར།རྒྱལ་ཁབ་ཀྱིས་ཞིང་གྲོང་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན་ལ།དབུས་ཁུལ་དང་ནུབ་རྒྱུད་ཀྱི་ཞིང་གྲོང་ལྟེ་བར་བཟུང་ནས་དམིགས་འཛུགས་ལས་རྐང་གི་འཆར་གཞི་དང་། རྒྱལ་ཁབ་ཀྱིས་སྐྱེད་བསྲིངས་འཆར་གཞི་སོགས་རྣམ་གྲངས་ལག་བསྟར་ཁྱབ་ཁོངས་བཅོས་སྒྱུར་སོགས་སྲིད་བྱུས་གཞན་དག་ལག་བསྟར་བྱས་པ་བརྒྱུད།དབུལ་ཕོངས་གཅིག་འདུས་ས་ཁུལ་གྱི་ཞིང་གྲོང་དགེ་རྒན་ལ་འཚོ་བའི་གསབ་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཁྱོན་ཡོངས་ནས་གྲོང་ཤང་གཅིག་གྱུར་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྒྲིག་ཁོངས་ཚད་གཞི་ལག་བསྟར་བྱེད་པ།གྲོང་བརྡལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དག་མཐོ་རིམ་དགེ་རྒན་གྱི་ལས་གནས་སུ་འཕར་བ་ལ་གཞི་རིམ་སློབ་གྲྭ་དང་ཆ་རྐྱེན་འཁོས་ཞན་སློབ་གྲྭར་དགེ་རྒན་བྱས་ཡུན་ལོ་གཅིག་རིང་གི་ལས་སྒྲུབ་ཉམས་མོང་དགོས་པ།ཞིང་གྲོང་གི་གཞུང་གཉེར་སློབ་གྲྭ་དང་དམངས་ཕན་རང་བཞིན་གྱི་དམངས་སྒྲུབ་བུ་བཅོལ་ཁང་འཛུགས་བསྐྲུན་ལ་རྒྱབ་སྐྱོར་གཙོ་གནད་དུ་བཟུང་ངོར་ཁྱོན་ཡོངས་ནས་སློབ་སྐབས་གཉིས་པའི་སློབ་སྔོན་སློབ་གསོའི་ལོ་ངོ་གསུམ་རིང་གི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང་།རིམ་བཞིན་སྤྱི་བའི་ནོར་སྲིད་གཏོང་པ་གཙོར་བྱས་པའི་ཞིང་གྲོང་སློབ་སྔོན་སློབ་གསོའི་མ་རྩའི་ཁེག་ཁུར་མ་ལག་འཛུགས་རྒྱུ་རེད།ཡོན་ཁེ་རུན་གྱིས།སློབ་གསོའི་མ་དངུལ་དེ་ལས་མང་པོ་ཆ་རྐྱེན་འཁོས་ཞན་དང་གནད་འགག་ཁྱབ་ཁོངས་སུ་གསེག་པ་དང་། ་དབུལ་ཕོང་ས་ཁུལ་དང་།ཆ་རྐྱེན་འཁོས་ཞན་སློབ་གྲྭར་གསེག་པ།དབུལ་ཕོངས་སློབ་མ་དང་། གཞི་རིམ་དགེ་རྒན་ཐད་གསེག་པ། གསར་གཏོད་འཇོན་མི་སྐྱེད་བསྲིངས་དང་། སློབ་སྒྲུབ་ཁྱད་ཆོས་ཐུན་མིན་ལྡན་བཅས་སུ་གསེག་ནས་དེ་དག་དགོས་འདོད་ཇི་བཞིན་སྐོང་དགོས་ཟེར།

སློབ་གསོ་པུའུ་ཡིས་གཙོ་གནད་གྲོང་ཁྱེར༡༩ལ་ལེགས་སྒྲིག་བྱེད་ཚད་ཇེ་དྲག་ཏུ་བཏང་ནས་གཞུང་གཉེར་སློབ་ཆུང་དུ་ཉེ་སའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི༩༧.༩ལ་སླེབས་དགོས།

གཞན་ཡང་འདྲ་མཉམ་གྱི་བརྡ་རྟགས་ཤིག་ཡོད་པ་ནི་དབུལ་ཕོངས་མང་ཚོགས་ཀྱི་སློབ་གསོའི་འགན་སྲུང་ཆུ་ཚད་རེད།ཡོན་ཁེ་རུན་གྱིས། གཅིག་ནི་གནས་སྤོར་བྱིས་པ་གནས་སྤོ་ས་གནས་དེ་གར་སློབ་ཞུགས་སློབ་འཕར་སྲིད་ཇུས་ལག་བསྟར་བྱས་ནས་ཆ་རྐྱེན་འོས་འཚམ་ཡིན་པའི་བྱིས་པར་འདྲ་མཉམ་གྱི་སློབ་གསོ་མྱོང་པའི་གོ་སྐབས་ལ་འགན་སྲུང་གནང་དགོས།གཉིས་ནི་རྒྱལ་ཁབ་རོགས་སྐྱོར་སྲིད་ཇུས་ཀྱི་ཞིབ་ཕྲའི་ཚད་ཇེ་མཐོར་བཏང་ནས་རྒྱལ་ཁབ་ཀྱི་སློབ་གསོའི་དོ་དམ་ཆ་འཕྲིན་མ་ལག་འཛུགས་བསྐྲུན་སྡིངས་ཆར་བརྟེན།སློབ་གནས་ཆ་འཕྲིན་དང་རོགས་སྐྱོར་ཆ་འཕྲིན་གཤིབ་བསྡུར་བརྒྱུད་རོགས་སྐྱོར་བྱ་ཡུལ་གཏན་འཁེལ་གསལ་པོ་བྱེད་དགོས་ཤིང་།རྒྱལ་ཁབ་ཀྱིས་སློབ་མར་རོགས་སྐྱོར་དང་།གཟེངས་རྟགས་གསབ་དངུལ་སྤྲོད་པའི་གཟིགས་སྐྱོང་སྲིད་ཇུས་དེ་དོན་ངོ་མར་རོགས་སྐྱོར་བྱ་རན་པའི་སློབ་མ་རེ་རེའི་སྟེང་དུ་ལག་བསྟར་བྱེད་དགོས་ཤིང་།རྫུན་ལེན་དང་ལྐོག་ལེན་བྱེད་པའི་གནད་དོན་མཐོང་མ་ཐག་རྩད་གཅོད་འགན་དཀྲི་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁ་བྱང་ཕྱི་མོ། ༢༠༡༥ ལོའི་ཞིང་གྲོང་སློབ་མ་གཙོ་གནད་སློབ་ཆེན་དུ་བསྡུ་བའི་བསྡུ་གྲངས་ཇེ་མང་དུ་གཏོང་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག