༢༠༡༤ ལོར་ཀྲུང་གོའི་སློབ་གསོས་བཅོས་སྒྱུར་གྱི་བཤུལ་ལམ་རིང་མོ་སྤོབས་པས་མནན་ཞིང་།མདུན་སྐྱོད་ཀྱི་སེམས་དཔང་བསྟོད་དེ།ཡར་ཐོན་གྱི་བྱ་གཞག་མང་བོ་ཞིག་བསྒྲུབས་པ་མིག་མཐོང་ལག་ཟིན་དུ་གྱུར།ལོ་འདིར་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་གྲོས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱས་ཤིང་།ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་དབུ་ཁྱུད་བྲིས་པའི།ལོ་ལྔ་ཚན་བཅུ་གཉིས་པའི་རྒྱལ་ཕམ་དོ་གལ་གྱི་ལོ་ཞིག་རེད། ལོ་འདིར་མཐོ་རིམ་སློབ་གྲྭ་ཁག་གི་གསར་བཏོད་ནུས་པ་མཐོར་འདེགས་ཀྱི་འཆར་གཞི་དོན་ཐོག་ཏུ་འཁྱོལ་མགོ་བརྩམས་ཤིང་། རྨང་གཞིའི་སློབ་གསོ་རྒྱ་ཆེར་སྤེལ། ལོ་འདིར་དམངས་སྒྲུབ་སློབ་གསོའི་རིགས་དབྱེའི་དོ་དམ་གྱི་འཕེལ་རྒྱས་མགྱོགས་ཤིང་། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ཇེ་ལེགས་སུ་བཏང་།ལོ་འདིར་སྲོལ་རྒྱུན་རིག་གནས་ཀྲུང་གོའི་རིག་གནས་ཀྱི་སྙིང་བོར་གྱུར་ཅིང་། མཐོ་རྒྱུགས་བཅོས་བསྒྱུར་སྒོ་གླེགས་དངོས་སུ་ཕྱེས།འདི་ལ་སོགས་པའི་བཅོས་སྒྱུར་གྱིས་རྒྱལ་དམངས་ཀུན་ལ་ཡིད་ཆེས་དང་རེ་བ་བསྩལ།
ཚོགས་འདུའི་ཡུལ་དངོས།
རྒྱལ་ཁབ་ཆེན་མོའི་མངའ་ཐང་སླར་གསོའི་རྒྱབ་ལྗོངས་འོགརྨ་རྒྱ་དྲ་བ་དང་། རྨ་རྒྱ་སློབ་གསོས་ཟླ ༡༡ ཚེས ༢༣ ཉིན་པེ་ཅིང་སློབ་གྲྭ་ཆེན་མོའི་སྲིད་གཞུང་དོ་དམ་སློབ་གླིང་དུ་གསེར་གྱི་ཁྱུང་ཆེན་ཟེར་བའི་སློབ་གསོའི་གླེང་སྟེགས་ཤིག་བཙུགས་ཏེ། ཆེད་མཁས་པ་དང་ཤེས་ལྡན་པ་མང་བོ་ཆེད་ཞུས་གདན་དྲངས་ཏེ། སློབ་གསོའི་གླེང་གཞི་ཆེ་ཤོས་འགར་དམིགས་ཏེ། བགྲོ་གླེང་དང་རང་རང་གི་བསམ་འཆར་གསུངས།
རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་འཐུས་མི། ཧོ་པེ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་གཞོན་པ་ཀྲོའུ་ཧོང་ཡུས་དང་། ཀྲུང་གོའི་སློབ་གསོ་ཚོགས་པའི་རྒྱུན་ལས་འགན་འཛིན་གཞོན་པ། དུས་དེབ《མ་འོངས་པའི་སློབ་གསོ་བ》ཡི་སྤྱིའི་རྩོམ་སྒྲིག་པ་ལོའུ་ཐང་ཅང་། ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲོའུ་ཁྲོ་ཧེ། སློབ་གསོ་གསར་བའི་ཞིབ་འཇུག་ཁང་གི་མཚན་འཛིན་དབུ་གཙོ། ཞང་ཡུས་སློབ་གསོ་ཚོགས་ཁག་གི་སློབ་གཙོ་དང་ལོའུ་ཀྲི་བིན་སོགས་གླེང་སྟེགས་ལ་ཞུགས་ཏེ་དབལ་ཚ་བའི་ལྟ་བའི་བརྒལ་བརྟག་མཛད། ཀྲུང་གོ་སློབ་གསོ་དྲ་བའི་ལག་བསྟར་རྩོམ་སྒྲིག་པ་རིན་ལེ་ཡི་གླེང་སྟེགས་ལ་མདོ་འཛིན་པ་བྱས།
རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་འཐུས་མི། ཧོ་པེ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་གཞོན་པ་ཀྲོའུ་ཧོང་ཡུས།
སློབ་གསོའི་བཅོས་སྒྱུར་གྱི་ལྷན་ཐབས་དང་འགལ་བ་གཙོ་བོ།
ཀྲོའུ་ཧོང་ཡུས་ལགས་ཀྱིས་སློབ་གསོའི་བཅོས་སྒྱུར་ནི་ཟུར་ངོས་མི་འདྲ་བ་ནས་སྒུལ་ཤུགས་དང་འཐེན་ཤུགས། འཕུད་ཤུགས། འགོག་ཤུགས་བཅས་བཞིར་དབྱེས་ཏེ་ངོས་བཟུང་ཆོག་ལ།ཁོང་གིས་ཁཱ་ན་ཏའི་སློབ་གསོ་སྨྲ་བ་ཞིག་གི་གསུངས《བཅོས་སྒྱུར་གྱི་སྟོབས་ཤུགས》ཞེས་པར་འབྲེལ་ཏེ་བསྟན་དོན། བཅོས་སྒྱུར་ཁྲོད་སྟོབས་ཤུགས་མི་འདྲ་བ་བཞི་ནི།སྲིད་འཛིན་སྡེ་ཁགསློབ་གཙོ།སློབ་མ།དགེ་རྒན་བཅས་ཏེ། བཅོས་སྒྱུར་གྱི་སྟོབས་ཤུགས་ལ་འགྱུར་བ་ཆད་མེད་དུ་བྱུང་ཞིང་། ནུས་ཤུགས་གང་རུང་ཞིག་འགོག་ཤུགས་ཡང་ན་སྒུལ་ཤུགས་སུ་འགྱུར་རུང་སྟེ། དགེ་རྒན་ཡང་གཅིག་མཚུངས་ཡིན།སྔོན་ཆད་དགེ་རྒན་ནི་བཅོས་སྒྱུར་གྱི་སྒུལ་ཤུགས་ཡིན་ཡང་།ད་ལྟ་ཕལ་ཆེར་འགོག་ཤུགས་སུ་གྱུར་ཡོད།
ཁོང་གི་ལྟ་བ་ལྟར་ན།ཀྲུང་གོའི་སློབ་གསོའི་བཅོས་སྒྱུར་གྱི་གནད་དོན་ཆེ་ཤོས་ནི་འགལ་བ་དང་ལྷན་ཐབས་འཚོལ་དགོས་བ་ལས།མཐའ་གཅིག་ཏུ་འགོག་རྐྱེན་ཙམ་བཙལ་བས་དེ་ཙམ་མི་སྨན་ཏེ། ཚོགས་སྤྱི་ལ་འགྱུར་བ་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་བཞིན་པས། འགོག་རྐྱེན་ཆེ་ཤོས་ཤིག་ཐག་བཅད་པས་གཞན་མཐའ་དག་མི་མཐུན་རང་ཞིག་ཏུ་འགྲོ་བ་ལྟར་སྣང་ཡང་།དོན་དུ་དེ་ནི་འཁྲུལ་སྣང་ཙམ་དུ་ཟད་པས།དངོས་གཞི་སློབ་གསོའི་བཅོས་སྒྱུར་ལ་རྙོག་འཛིང་ཧ་ཅང་ཆེ་ཞིང་།སྤྱི་ཚོགས་ཧྲིལ་བོའི་སྤྱིའི་ཁེ་ཕན་གྱི་སྙོམས་སྒྲིག་དང་དམ་དུ་འབྲེལ། རྒྱུ་མཚན་ནི་བཅོས་བསྒྱུར་གྱི་གོ་རིམ་ཁྲོད། ཚོགས་པ་སོ་སོའི་ཁེ་ཕན་ལ་ཡང་ཕན་ཁེ་དང་ཕོག་ཐུག་གང་རུང་བྱུང་སྲིད་པས།བྱེ་བྲག་སོ་སོའི་འགྱུར་བ་མ་ངེས་པ་ཡིན།
ཀྲུང་གོའི་སློབ་གསོ་ཚོགས་པའི་རྒྱུན་ལས་འགན་འཛིན་གཞོན་པ། དུས་དེབ《མ་འོངས་པའི་སློབ་གསོ་བ》ཡི་སྤྱིའི་རྩོམ་སྒྲིག་པ་ལོའུ་ཐང་ཅང་།
སློབ་གསོ་བཅོས་སྒྱུར་གྱི་འགོག་རྐྱེན་དྲག་ཞན་ཕྱོགས་ལྷུང་ལས་བྱུང་།
ལོའུ་ཐང་ཅང་ལགས་ཀྱིས་སློབ་གསོ་བཅོས་སྒྱུར་གྱི་འགོག་རྐྱེན་གཙོ་བོ་གཅིག་དྲག་གཅིག་ཞན་གྱི་ཕྱོགས་ལྷུང་ལས་བྱུང་ཞིང་།གང་དྲག་སོང་ཞེ་ན། མཐོ་རྒྱུགས་ཀྱི་ཁྲིད་སྟོན་ཏེ། འདི་ནི་སྒྲིག་སྲོལ་གྱི་གནད་དོན་ཡིན། ཅི་ཞན་ཆེས་ཞེ་ན།རིག་གནས་འདུ་ཤེས་ཏེ། འདི་ནི་རིག་གནས་ཁྱབ་ཁོངས་ཀྱི་གནད་དོན་རེད་ཅེས་ཀྱང་བཤད་ཆོག ཁོང་གི་ལྟ་བ་ལྟར་ན། སྐབས་བཅོ་བརྒྱད་པའི་ཚང་གྲོས་གསུམ་པའི་ཐོག་གི་མཐོ་རྒྱུགས་བཅོས་སྒྱུར་གྱི་ཐབས་ལམ་ཧ་ཅང་བཟང་སྟེ།གལ་ཏེ་རྩ་བ་མཐོ་རྒྱུགས་ལ་བསྒྱུར་བཀོད་མ་བཏང་ན། སློབ་གསོ་བཅོས་སྒྱུར་གླེང་ཐབས་མེད།སློབ་གྲྭ་ཞིག་ཡིན་ཕྱིན་མཐོ་རྒྱུགས་ཀྱི་འཕར་ཚད་ལ་དོ་སྣང་བྱེད་ངེས་ཤིང་། གལ་སྲིད་མཐོ་རྒྱུགས་ཀྱི་འཕར་ཚད་མ་ལོང་ན་སློབ་གཙོ་ཡང་འདེམས་ཤོག་གཅིག་གིས་གཡུག་རྐྱང་བྱེད་ངེས་ཡིན་པས་སོ། །
ཞན་ཆེས་པའི་ཕྱོགས་ནས། ཁོང་གིས་བཤད་རྒྱུར། གཙོ་བོ་ཁྱིམ་བདག་གི་འདུ་ཤེས་ཡིན་ཞིང་། ཡང་ཁྱིམ་བདག་གི་འདུ་ཤེས་ཙམ་མིན་ཏེ། ཁྱིམ་བདག་ཀྱང་སྤྱི་ཚོགས་གི་གྲུབ་ཆ་ཞིག་ཡིན་པས་སོ། ། དེང་གི་རྒྱལ་ནང་གི་སློབ་གསོའི་འདུ་ཤེས་སྔར་བཞིན་ཡོད་ཚད་ཉམས་དམས་དཔེ་ཀློག་ཁོ་ན་མཐོ་བར་འདོད་པ་ཡིན་ཕྱིར། སློབ་གསོའི་བཅོས་སྒྱུར་གནད་དོན་དྲག་ཞན་གཉིས་ཀ་ཐག་གཅད་ཐུབ་ན།ད་གཟོད་སློབ་གསོ་བཅོས་སྒྱུར་ལ་རྒྱལ་ཁ་འཐོབ་ཐུབ།
སློབ་གསོ་གསར་བའི་ཞིབ་འཇུག་ཁང་གི་མཚན་འཛིན་དབུ་གཙོ། ཞང་ཡུས་སློབ་གསོ་ཚོགས་ཁག་གི་སློབ་གཙོ་དང་ལོའུ་ཀྲི་བིན།
མཐོ་རྒྱུགས་ཀྱི་ཕྱོགས་སྟོན་མེད་པར་བྱས་པ་ནི་ནོར་འཁྲུལ་ཡིན།
ལོའུ་ཀྲི་བིན་གྱིས། ང་ཚོའི་དུས་རབས་འདི་ནི་བཅོས་སྒྱུར་གྱི་དུས་རབས་རླབས་ཆེན་ཞིག་ཡིན། ཁོས་ཐའོ་ཤིན་ཀྲི་ཡི། མི་དག་བཅོས་སྒྱུར་འབའ་ཞིག་དང་། ། ཡུལ་དང་དུས་ཀྱང་དེ་བཞིན་ནོ། །ཞེས་པའི་ལུང་དྲངས་ཏེ། བཅོས་སྒྱུར་གྱི་གོ་སྐབས་གླེང་དགོས་དོན་ནི།ཁོང་ལྟར་ན་བཅོས་སྒྱུར་ཆེན་པོ་གོ་སྐབས་ཀྱི་གླགས་ལ་བསྟུན་དགོས་ཏེ།སློབ་གསོ་བཅོས་སྒྱུར་ཡང་དེ་བཞིན་རེད་དེ།སློབ་གསོའི་དོན་ཆེན་ལ་སྣང་ཆུང་བྱ་མི་རུང་བར་གྲ་སྒྲིག་གྱ་ནོམ་པ་བགྱི་དགོས་པ་དང་། ཡང་ཁོང་ལོའུ་ཀྲི་བིན་གྱི་ལྟ་བར་ཧ་ཅང་འཐད་དེ།ཡོད་ཚད་འགྱུར་བའི་ངང་ན་ཡོད་པས། རིགས་ལམ་གསལ་བོ་བྱས་ཏེ་གང་ནས་མགོ་བརྩམས་དགོས་པ་ཤེས་དགོས་གསུངས།
མཐོ་རྒྱུགས་གླེང་འོང་དུས། ཁོང་གིས་ང་ཚོ་ཚང་མས་མཐོ་རྒྱུགས་ལ་གནད་དོན་ཡོད་ངེས་པར་འདོད་པ་གཅིག་མཐུན་ཡིན་མོད།མཐོ་རྒྱུགས་ཀྱི་ཕྱོགས་སྟོན་ཡལ་བར་དོར་ནས། མཐོ་རྒྱུགས་ཀྱིས་སློབ་བསྡུ་བ་མི་བྱེད་པའི་རིགས་ལམ་ནི་ནོར་འཛོལ་ཆེན་པོ་ཡིན་ཏེ།གལ་སྲིད་མཐོ་རྒྱུགས་མེད་ན།སྲང་ཆེན་བཞི་མདོ་ཞིག་ཏུ་གློག་དམར་གྱི་ཕྱོགས་སྟོན་མེད་པ་དང་མཚུངས་ཏེ། མཐོ་རྒྱུགས་ཕྱོགས་སྟོན་གྱི་ཚུལ་དུ་གནས་པ་ཇི་ལྟར་བསྒྱུར་བར། གནད་དོན་རབས་དང་རིམ་པ་ཡོད།
ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲོའུ་ཁྲོ་ཧེ།
གཞུང་གཉེར་སློབ་གྲྭར་བརྟེན་ནས་འཛམ་གླིང་རྩེ་གྲས་ཀྱི་སློབ་གསོ་ཞིག་འོང་མི་སྲིད།
ཁྲོའུ་ཁྲོ་ཧེ་ལགས་ཀྱི་ལྟ་བ་ལྟར་ན། མིག་སྔའི་ཀྲུང་གོའི་ཡིག་ཚད་ཀྱི་ཆུ་ཚད་དང་། བསམ་བཀོད། ཐ་ན་རིགས་ཚན་སོགས་ཀྱང་རྗེས་ལུས་ཡིན་པས། སྤྱི་ཚོགས་དོ་དམ་གྱི་ལམ་ལུགས་ཀྱིས་མི་དང་མིའི་འདྲ་མཉམ་མིན་པའི་འབྲེལ་བ་གྲུབ་ཅིང་། རིམ་ལྡན་དབང་ཆ་བགོ་བྱའི་སྒྲིག་གཞི་ནི་བཅོས་སྒྱུར་གྱི་འགོག་རྐྱེན་ཆེ་ཤོས་སུ་གྱུར་ཡོད། ཁོང་གིས། སློབ་གསོ་བཅོས་སྒྱུར་རྣལ་མ་ཞིག་ལག་བསྟར་དགོས་ན། ཐོག་མར་སྤྱི་ཚོགས་སྒྲིག་གཞི་གཏིང་ནས་བཅོས་སྒྱུར་དང་། དེ་ནས་སློབ་གསོའི་རིམ་པའི་དོ་དམ་དང་གདེང་འཇོག་ལ་བཅོས་སྒྱུར་དང་། མཐར་སོ་སོའི་ལྟ་བ་ལ་གཞི་ནས་བཅོས་སྒྱུར་བྱ་དགོས་སྙམ།
༩༨༥ དང ༢༡༡ མཐོ་སློབ་སོགས་ཀྱི་གནད་དོན་གླེང་སྐབས།ཁོང་གིས་ད་ལྟ ༩༨༥ དང ༢༡༡ གི་མཐོ་སློབ་ཁག་ལ་གཞན་ལས་ཐབ་ཆགས་དང་། ངན་རེངས་ཀྱི་སྒྲིག་གཞི་ཆགས་ཟིན་པས།ལམ་ལུགས་ལ་ཅི་ནས་ཀྱང་བཅོས་སྒྱུར་གཏང་དགོས་ཏེ། ཐོག་མའི་འཛམ་གླིང་རྩེ་གྲས་ཀྱི་སློབ་གྲྭ་གཟུག་རྒྱུའི་སེམས་འདུན་ཡང་མངོན་དུ་གྱུར་དཀའ་ཚོད་འདུག་པས། གཙོ་བོ་སྲིད་གཞུང་ལ་བརྟེན་ནས་སློབ་གསོ་རྩེ་གྲས་ཤིག་སྤེལ་ཐུབ་བམ་ཡང་ན། སློབ་གྲྭ་རང་ཉིད་ལ་བརྟེན་ནས་སློབ་གསོ་རྩེ་གྲས་ཤིག་སྤེལ་ཐུབ་པའི་གནད་ལ་ཐུག་ཡོད་ཅིང་། དངོས་ཡོད་གནས་ཚུལ་ལ་བལྟས་འོང་ན།སློབ་གྲྭ་ལ་བརྟེན་པ་མ་གཏོགས་སྲིད་གཞུང་ལ་བརྟེན་ནས་སློབ་གསོ་རྩེ་གྲས་ཤིག་འོང་རྒྱུ་དཔེ་མི་སྲིད་ཅིང་།༩༨༥ དང ༢༡༡ གི་མཐོ་སློབ་སོགས་དོར་ནས་ཆེད་ལས་ཀྱི་གདེང་འཇོག་མ་ལག་བཟོས་ཏེ།ཆེད་ལས་ཀྱི་བྱེད་ཐབས་ལ་བརྟེན་ནས།དྲང་བདེན་རྣམ་དག་ཅིག་འོང་རྒྱུ་ལས་ཐབས་ཀྱི་དམ་པ་འདི་མཆིལ་མའི་ཐལ་བ་བཞིན་འདོར་ག་ལ་རུང་།དཔེར་ན། དངུལ་གྱི་འཛད་སྤྱོད་ལ། ཆེད་དོན་དོ་དམ་ཚོགས་པ་ཚུགས་ཐུབ་ཅིག་ལོགས་སུ་གཟུག་དགོས་པ་ལྟ་བུའོ། །
ཀྲུང་གོ་སློབ་གསོ་དྲ་བའི་ལག་བསྟར་རྩོམ་སྒྲིག་པ་རིན་ལེ།
སློབ་གསོའི་བཅོས་སྒྱུར་ཡིད་རྟོན་སྒྲིག་གཞི་འཐུས་ཚང་གི་རྨང་གཞིའི་ཐོག་གཟུག་དགོས།
རིན་ལིས་ལགས་ཀྱིས། སློབ་གསོའི་བཅོས་སྒྱུར་ནི་ཧ་ཅང་རྙོག་འཛིན་ཆེ་བའི་མ་ལག་ཅན་གྱིས་ལས་གཞི་ཞིག་ཡིན་ཞིང་། ཉེ་བའི་ལོ་འདི་འགར་ཀྲུང་གོའི་སློབ་གསོའི་བཅོས་སྒྱུར་གླེང་གིན་ཡོད་པར་མ་ཟད།ནུབ་གླིང་གིས་ཀྱང་གླེང་གིན་ཡོད་དེ། དཔེར་ན། ཨ་རིའི SATདང་དབྱིན་ཇིའི A-levelསོགས་ཀྱང་བསྒྱུར་དགོས་འདུག་སྟེ། ཕལ་ཆེར་ཐེངས་མང་གི་ཡིག་ཚད་ནས་ཡིག་ཚད་གཅིག་ཆོད་དུ་བསྒྱུར་སྲིད་པ་དང་། ཡང་ཁོང་གིས། དབྱིན་ཇི་དང་ཨ་རིའི་སློབ་གསོའི་བཅོས་སྒྱུར་ནི་ལྟོས་བཅས་འཐུས་ཚང་གི་ཡིད་རྟོན་མ་ལག་གི་རྨང་གཞིའི་ཐོག་བཙུགས་པ་རེད་འདུགགལ་སྲིད་ཀྲུང་གོའི་མཐོ་རྒྱུགས་དབྱིན་ཇི་དང་ཨ་རིའི་སྤྱི་ཚོགས་ཅན་དང་། སྣ་མང་ཅན་དུ་བསྒྱུར་དགོས་ན་ད་དུང་གོ་རིམ་རིང་བོ་ཞིག་བརྒྱུད་དགོས།དཔེར་ན། ཉེ་དུས་བསྒྲགས་པའི་རང་ཐོབ་སློབ་བསྡུའི་ལྐོག་གྱུར་གྱི་ལམ་ལུགས་ལྟ་བུས་བཅོས་སྒྱུར་ལྷག་པའི་རྙོག་འཛིང་དང་ལྡན་པར་བྱས་ཡོད།
མཐར་ཁོང་གིས་སྤྱི་སྡོམ་བྱས་དོན། ཀྲུང་གོའི་སློབ་གསོའི་བཅོས་སྒྱུར་ནི་སློབ་གསོ་རང་སྟེང་གི་གནད་དོན་མིན་པར། སྤྱི་ཚོགས་ཅན་དང་མ་ལག་ཅན་གྱི་གནད་དོན་ཞིག་རེད་དེ། དེའི་ཁྲོད་ཁྲིམས་ལུགས་དང་ཡིད་རྟོན་མ་ལག་གི་འཛུགས་སྐྲུན་དང་འཐུས་ཚང་སོགས་འདུ་བས།སློབ་གསོ་བཅོས་སྒྱུར་གྱི་ལམ་ཡང་དག་པ་ཞིག་རྙེད་དགོས་ན་བདེན་འཚོལ་ཡར་ཐོན་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་རེད་ཅེས་གསུངས་སོ།།
ཁ་བྱང་ཕྱི་མོ། ༢༠༡༤ལོའི་རྨ་རྒྱ་སློབ་གསོའི་གླེང་སྟེགས།སློབ་གསོའི་བཅོས་སྒྱུར་ཁྲོད་དགེ་རྒན་ཡང་འགོག་རྐྱེན་ཡིན་སྲིད།