ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭས་ལུས་རྩལ་འགྲན་ཚོགས་གཉེར་བ།

2019-05-09 ཚེ་རྡོར་གྱིས་བསྒྲིགས།

འདི་ནི་ལུས་རྩལ་འགྲན་ཚོགས་ལ་སློབ་མ་ཚོས་གཟུགས་མཛེས་ཁམས་བཟང་གི་ལུས་རྩལ་རྩེ་བའི་གནས་ཚུལ་ཡིན་པ།
        ཉེ་དུས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭས་སྐབས་གསུམ་པའི་དཔྱིད་དུས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་རེད། བྱེད་སྒོའི་དམིགས་ཡུལ་ནི་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་མའི་འབད་འཐབ་ཀྱི་ངར་ཤུགས་ཆེ་རུ་གཏོང་བ། སློབ་མའི་སེམས་ཁམས་ཀྱི་བྱང་ཚད་དང་གཟུགས་པོའི་བྱང་ཚད་གོང་མཐོར་གཏོང་བ་བཅས་ཀྱིས་སློབ་མ་ཚོ་ཀུན་སྤྱོད་དང་། ཤེས་རིག གཟུགས་གཞི། མཛེས་རྩལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཤེས་ལྡན་པ་ཕུལ་བྱུང་ལ་འགྱུར་བར་བྱེད་པ་དེ་ཡིན་ཞིང་། 
འབྲེལ་ཡོད་རྩོམ་ཡིག