ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སྲོལ་རྒྱུན་བཟོ་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་སྐུལ་འདེད་བཏང་བ།

2019-08-28 སྣང་རྡོས་བསྒྲིགས།

འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བཞིན་པ།
      ཉེ་ཆར། “ཁུལ་གསུམ་ཤེས་ལྡན་མི་སྣའི”གསོ་སྦྱོང་གི་ཇུས་གཞི་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཐོན་ལས་གླིང་བྱེའུ་སྒང་པ་ལུགས་ཀྱི་ཐང་ག་སྒྱུ་རྩལ་ཁང་གི་ཐང་གའི་བཞེངས་རྩལ་གསོ་སྦྱོང་འཛིན་གྲྭ་དང་ཁ་རུབ་ཆུས་སྐར་མ་ཤང་གི་ལྕགས་རིགས་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་རེད།
      ད་ཐེངས་གཉེར་བའི་བཟོ་རྩལ་གསོ་སྦྱོང་འཛིན་གྲྭར་ཁྱོན་སློབ་མ་65བསྡུས་ཡོད་པ་དང་། དེར་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་23དང་དབང་པོ་སྐྱོན་ཅན་4ཚུད་ཡོད་པ་རེད། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བྱེའུ་སྒང་པ་ལུགས་ཀྱི་ཐང་གའི་བཞེངས་རྩལ་གསོ་སྦྱོང་གི་ནང་དོན་གྲས་སུ། རས་བསེ་བཟོ་བ་དང་། ཚོན་གཏོང་བ། སྤྱན་ཕྱེ་བ། གཟུངས་ཤུགས་ཕུལ་བ་སོགས་བཟོ་རྩལ་གྱི་གོ་རིམ་ཆ་ཚང་ཚུད་ཡོད། རང་སྐྱོང་ལྗོངས་རིམ་པའི་སྐར་མ་ལྕགས་རིགས་བཟོ་རྩལ་གསོ་སྦྱོང་ནང་དོན་གྲས་སུ་གེ་སར་རྒྱལ་པོའི་དམག་དཔོན་ཆེ་མོ་30ཡི་བཟོ་དབྱིབས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་སྐྱ་རིས་འཐེན་པ་སོགས་ཚུད་ཡོད་པ་རེད།


འབྲེལ་ཡོད་རྩོམ་ཡིག