ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

རྟག་ཏུ་སྦྱོང་བརྡར་བྱས་ནའང་ན་ཚ་མང་པོ་ཐོན་པའི་རྒྱུ་མཚན་ནི།

2019-10-17 སྣང་རྡོས་བསྒྲིགས།
        རྒྱུན་དུ་མི་ཇི་སྙེད་ཅིག་ལ་རི་འཛེག་པ་དང་། ཞབས་བྲོ་འཁྲབ་པ། གོམ་པ་རྒྱག་པ་སོགས་ཀྱི་གོམས་གཤིས་ལྡན་པས། ན་མཉམ་དང་བསྡུར་ཚེ་གཟུགས་པོ་ཐང་བ་དགོས་མོད། འོན་ཏེ། དོན་དུ་འདི་འདྲ་མིན། རྒྱུ་མཚན་གང་ཡིན་ཞེ་ན། 

       སྦྱོང་བརྡར་ཆོས་ཉིད་དང་མི་མཐུན་པ། 
       དཔེར་ན་ཆ་བཞག་ན། ཁོམ་པ་འདང་ངེས་བྱུང་ཚེ། ཞོགས་པའི་སྦྱོང་བརྡར་ན་ཚོད་གང་ལའང་ཧ་ཅང་འཚམ་པོ་ཡོད། 
       ཆུ་ཚོད་འགའ་ཞིག་གཉིད་ཉལ་བས། ཞོགས་པ་ལངས་མ་ཐག་གཟུགས་པོའི་དབང་རྩ་རྣམས་ངལ་གསོ་བཞིན་ཡོད། དེར་བརྟེན། ཞོགས་པ་སྔ་པོ་ནས་སྦྱོང་བརྡར་བྱས་ཕྱིན། གཟུགས་པོ་ཡོངས་བདེ་པོ་ཡོད་པ་མ་ཟད། ཉིན་གཅིག་ཀླད་པའང་སྦི་ལ་སིལ་པོར་འགྱུར་ངེས། 

       ཞོགས་པ་ཁྲག་གར་བའི་ཁར། འཁོར་རྒྱུག་དཀའ་བས་ཞོགས་པ་སྔ་པོ་ནས་སྦྱོང་བརྡར་བྱས་ན། སྙིང་ཁམས་ཁྲག་རྩའི་ནད་ན་སླ་བ་ཡོད། དེས་ན། ཕྱིར་སྦྱོང་བརྡར་ལ་སྐྱོད་སྐབས་ཕྱི་ཙམ་སོང་དགོས།

      【གྲོས་འགོ】
       ཞོགས་པར་འཚམ་པའི་ལུས་སྦྱོང་དཔེར་ན། རྒྱུག་ཤར་དལ་གྱིས་གློད་པ་དང་། བྱ་སྒྲོའི་སྤོ་ལོ་རྒྱག་པ། ལུས་རྩལ་རྩེད་བ། ཞབས་བྲོ་རྒྱག་པ་སོགས་ཅུང་དལ་བའི་ལུས་སྦྱོང་བྱས་ན་འཚམ་པ་མ་ཟད། དོ་སྣང་བྱེད་དགོས་པ་ཞིག་ལ་གྲོད་ཁོག་སྟོང་བར་སྦྱོང་བརྡར་བྱ་མི་རུང་། 
       ཟ་མ་ལའང་དེ་བཞིན་དོ་སྣང་བྱེད་དགོས། 

       མི་ཁག་གཅིག་ལུས་སྦྱོང་ཆུ་ཚོད་ཁ་ཤས་བྱས་ནའང་། ལྟོ་ཆས་ཟ་སྐབས་སྟབས་བདེ་བ་དང་། རང་གིས་དགའ་བ་ཁོ་ན་ཟ་བ། ཞིམ་པོ་བྱུང་ན་མང་པོ་ཟ་བ། ཁ་ལག་ལྷག་མ་ཟ་བ་སོགས་བྱེད་ཀྱི་ཡོད། དོན་དུ་འཚོ་བཅུད་ལྡན་པའི་ཟ་མ་བཟས་ནས་ལུས་པོ་ཐང་པོ་ཡོང་བ་དང་། ནད་གཞི་འགོག་ཐུབ་པ། ཚེ་རིང་དུ་འགྲོ་ཐུབ། གལ་ཏེ་འཚོ་བཅུད་མ་འདང་ན་ལུས་ཤེད་ཉམས་པ་མ་ཟད། ནད་འགོག་ནུས་པའང་རིམ་བཞིན་ཉམས་འགྲོ་ཡི་ཡོད། 
       1.ཟ་བདེ་ལ་འཇུ་བདེ་བའི་ཟ་མ་ཟ་དགོས། 
       2.འཚོ་བཅུད་སྙོམས་པོ་དགོས་ལ་སྣ་ཁ་གཅིག་ཁོ་ན་བཟའ་མི་རུང་། 
       3.རབ་བྱུང་ན། ཟ་མ་ཟ་སྐབས་ཉུང་ཙམ་དང་ཐེངས་གྲངས་མང་དུ་གཏོང་དགོས། 
       4.ཞག་ཚི་དང་ཚྭ་ལྕི་བའི་ཟ་མ་མང་པོ་བཟའ་མི་རུང་། 
       5.ཟ་མ་བཟས་ནས་ལམ་སེང་གཉིད་ཉལ་བ་སོགས་བྱ་མི་རུང་། ཡག་ཤོས་བྱུང་ན། རྒྱུན་དུ་ནས་གོམ་པ་མང་ཙམ་རྒྱག་དགོས་པ་མ་ཟད། དེ་བསྟུན་གྱི་འཚོ་བཅུད་ཀྱང་འདང་ངེས་དགོས། རེ་བར་ཁྱེད་རྣམས་ལ་བདེ་ཞིང་ཐང་བའི་གཟུགས་པོ་ཞིག་ཡོད་པའི་སྨོན་འདུན་ཞུ། 
འབྲེལ་ཡོད་རྩོམ་ཡིག