ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

AIལོང་སྐྱོར་བྱ་སྤྱོད་ཀྱིས་གངས་ལྗོངས་ས་མཐོའི་མིག་ཤེད་ཞན་པའི་བྱིས་པར་ཕན་པ་བསྐྲུན་པ།

2019-10-24 སྣང་རྡོས་བསྒྲིགས།
 
       ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་ལོ་རིམ་བཞི་པའི་མིག་ཤེད་ཞན་པའི་སློབ་མ་དང་དགེ་རྒན་བསོད་ཡོན(གཞོག་གཡས་པའི་མིག་ཤེལ་ནག་པོ་རྒྱག་མཁན)གྱིས་AIདཔེ་མཛོད་ཁང་དུ་ཞའོ་ཏུའུ་མི་བཟོས་རིག་ནུས་སྒྲ་སྐྱེད་དང་སྤེལ་རེས་བྱས་ཏེ་ཤེས་བྱ་སྦྱོང་བཞིན་པ།

འདི་ནི་དེ་ཉིན་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་ལོ་རིམ་བཞི་པའི་མིག་ཤེད་ཞན་པའི་སློབ་མས་ཞའོ་ཏུའུ་མི་བཟོས་རིག་ནུས་སྒྲ་སྐྱེད་དང་མཉམ་དུ་གཞས་སྦྱོང་བཞིན་པ།
         ཉེ་ཆར། དཔེ་བཏུས་AIལོང་སྐྱོར་བྱ་སྤྱོད་ཀྱི་དུས་མཚམས་གཉིས་པའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། བྱ་སྤྱོད་སྤེལ་ཡུལ་ཐོག་མ་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་གཏན་འཁེལ་བྱས་པ་རེད། ད་ཐེངས་ཀྱི་ལོང་སྐྱོར་བྱ་སྤྱོད་ཀྱིས་ཞལ་འདེབས་ཕུལ་བའི་ཞའོ་ཏུའུ་མི་བཟོས་རིག་ནུས་སྒྲ་སྐྱེད་སོགས་ཀྱི་སྒྲིག་ཆས་སྤྱད་དེ་མིག་ཤེད་ཞན་པའི་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལེགས་སུ་བཏང་ནས། AIལག་རྩལ་བརྒྱུད། མིག་ཤེད་ཞན་པའི་སློབ་མར་སློབ་དེབ་ཀློག་རོགས་དང་། ཤེལ་ཡོལ་དང་གློག་སྒོ་འབྱེད་རོགས་དང་རྒྱག་རོགས། ནང་མི་དང་བརྙན་ལམ་བརྒྱུད་གླེང་མོལ་བྱེད་རོགས་བཅས་བྱས་ཏེ། མིག་ཤེད་ཞན་པའི་སློབ་མར་དེ་བས་སྟབས་བདེའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་བཏོད་ཡོད། དཔེ་བཏུསAIལོང་སྐྱོར་བྱ་སྤྱོད་ཀྱི་དུས་མཚམས་གཉིས་པའི་བྱ་སྤྱོད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་40ལྷག་ཙམ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་ལོང་བའི་འཕུར་མཉེད་ཁང་དུ་ཁྱབ་པར་བྱས་ནས་ལོང་བའི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྩིས་ཡོད་ཅིང་།
འབྲེལ་ཡོད་རྩོམ་ཡིག