ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་ཆེན་སློབ་མའི་ལས་གཏོད་ཀྱིས་བྱིས་པར་ཕན་པ་བསྐྲུན་པ།

2019-10-24 སྣང་རྡོས་བསྒྲིགས།
 
    ཧྲའན་ཞིའི་ཞན་དབྱང་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནང་། “ཤེས་རབ་སྐར་མའི་འཕྲུལ་ཆས་མིའི་སློབ་གསོ”ཞེས་པའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་ཀྱི་ཁོངས་མི་ལི་ཧྲེ་ལྦུའེ(གཡས)ཡིས་སློབ་ཆུང་སློབ་མར་དཔེ་དབྱིབས་བཟོ་སྟངས་ཟུར་ཁྲིད་བྱེད་པ། (ཟླ་10ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཅན་གྱིས་པར་བླངས    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 2018ལོའི་ཟླ་6པར། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་སྡོད་སློབ་མ་འགའ་ཞིག་གིས“ཤེས་རབ་སྐར་མའི་འཕྲུལ་ཆས་མིའི་སློབ་གསོ”ཞེས་པའི་ལས་གཏོད་རྣམ་གྲངས་འགོ་བཙུགས་ཡོད། ཁོ་ཚོས་མཉམ་དུ་ལོ་3ནས་ལོ་12བར་གྱི་བྱིས་པར་འཚམ་པའི་རིག་པ་འཕེལ་བའི་སློབ་གསོའི་སློབ་ཚན་ཞིབ་འཇུག་གསར་སྤེལ་བྱས་ནས། ཡུལ་དེ་གའི་བྱིས་པར་སློབ་གྲྭར་མ་བསྐྱོད་གོང་གི་བྱིས་པའི་ལེ་ཀོ་འཛིན་གྲྭ་དང་དེ་བཞིན་སློབ་ལོ་ལོན་པའི་འགུལ་ཤུགས་འཕྲུལ་ཆས་འཛིན་གྲྭ བྱ་རིམ་སྒྲིག་པའི་འཛིན་གྲྭ་སོགས་བཙུགས་ཏེ། བྱིས་པ་རྣམས“ལག་པ་འགུལ་བའི་ཁྲོད་ནས་སློབ་སྦྱོང་བྱེད་པ་དང་། རྩེད་མོའི་འཕྲོད་ནས་སློབ་སྦྱོང་བྱེད་ཐུབ་པ”བྱས་ཡོད། མིག་སྔར། སློབ་ཆེན་སློབ་མ་35ལས་གྲུབ་པའི་ཚོགས་པས་བརྗོད་དོན་གཙོ་བོའི་སློབ་ཚན་56གསར་སྤེལ་བྱས་ཡོད་ཅིང་། ཁྱོན་སློབ་མ་ཆུང་ཆུང་150ལྷག་ཙམ་སྐུལ་སློང་བྱས་ཡོད།

    ཧྲའན་ཞིའི་ཞན་དབྱང་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནང་། སློབ་མ་ཆུང་ཆུང་ཚོས“ཤེས་རབ་སྐར་མའི་འཕྲུལ་ཆས་མིའི་སློབ་གསོའི”སློབ་ཁང་ནང་དཔེ་དབྱིབས་བཟོ་སྟངས་སྦྱོང་བ། (ཟླ་10ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཧྲའན་ཞིའི་ཞན་དབྱང་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནང་། “ཤེས་རབ་སྐར་མའི་འཕྲུལ་ཆས་མིའི་སློབ་གསོ”ཞེས་པའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་ཀྱི་ཁོངས་མི་ཡེ་ཤེས་རྒྱ་ཚོས(མདུན་གཡོན)སློབ་མ་ཆུང་ཆུང་ཚོར་དཔེ་དབྱིབས་བཟོ་སྟངས་ཟུར་ཁྲིད་བྱེད་པ། (ཟླ་10ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཧྲའན་ཞིའི་ཞན་དབྱང་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནང་། “ཤེས་རབ་སྐར་མའི་འཕྲུལ་ཆས་མིའི་སློབ་གསོ”ཞེས་པའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་ཀྱི་ཁོངས་མི་ཡེ་ཤེས་རྒྱ་ཚོས(མདུན་གཡོན)སློབ་མ་ཆུང་ཆུང་ཚོར་དཔེ་དབྱིབས་བཟོ་སྟངས་ཟུར་ཁྲིད་བྱེད་པ། (ཟླ་10ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཅན་གྱིས་པར་བླངས།

    ཧྲའན་ཞིའི་ཞན་དབྱང་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནང་། སློབ་མ་ཆུང་ཆུང་ཚོས“ཤེས་རབ་སྐར་མའི་འཕྲུལ་ཆས་མིའི་སློབ་གསོའི”སློབ་ཁང་ནང་དཔེ་དབྱིབས་བཟོ་སྟངས་སྦྱོང་བ། (ཟླ་10ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འབྲེལ་ཡོད་རྩོམ་ཡིག