ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དེབ་འདིར་བོད་ལུགས་གསོ་རིག་གི་བདེ་སྲུང་སྐོར་དཔེ་ཡག་པོ་གསུངས་འདུག

2020-01-19 སྣང་རྡོས་བསྒྲིགས།
                                                                                              ཡོན་ཏན་ཅན་ལ་འཇིག་རྟེན་གུས།།
                                                                                              ཡོན་ཏན་འབད་པའི་ཤུགས་ལ་གནས།།
                                                                                              འབད་ནས་ཡོན་ཏན་མི་བསྒྲུབ་པར།།
                                                                                              གཞན་ལ་འཁངས་པས་ཅི་ཞིག་ཕན།།
                                                                                                                                                       --ས་པཎ།

        《བོད་ལུགས་གསོ་རིག་གི་བདེ་སྲུང་ཤེས་བྱ་སྤང་བླང་གསལ་བའི་མེ་ལོང་།》
        ནང་དོན་མདོར་བསྡུས། 
        དེབ་འདིར་ལུས་ཁམས་བདེ་སྲུང་གི་འཕེལ་རིམ་དང་། ལུས་སེམས་གཉིས་ཀྱི་བདེ་སྲུང་། ལུས་ཁམས་བདེ་སྲུང་གི་ལག་ལེན་དངོས་ལས་ཐོན་པའི་རིན་ཐང་། ལུས་ཁམས་ཀྱི་བདེ་སྲུང་བྱ་ཐབས། སེམས་ཁམས་ཀྱི་བདེ་སྲུང་བྱ་ཐབས། ཟས་སྐོམ་གྱི་བདེ་སྲུང་། ཚེ་བསྲིངས་ཤིང་རྒས་པ་གསོ་བའི་བཅུད་ལེན་གྱི་སྐོར་སོགས་ཞིབ་པར་འཁོད་འདུག
        འོས་སྦྱོར་རྒྱུ་མཚན།
        བདེ་ཐང་ནི་རྒྱུ་ནོར་རྩ་ཆེན་ཡིན་ལ། ལུས་སེམས་གཉིས་ཀ་ཐ་མལ་དུ་གནས་པར་བྱེད་པ་ནི་ང་ཚོས་ཚེ་གང་རིང་བརྩོན་ལེན་བྱེད་པའི་དམིགས་པ་ཞིག་ཀྱང་རེད།  དེའི་ཕྱིར་བདེ་སྲུང་ཤེས་བྱ་ཁག་རྒྱ་ཆེའི་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་ཡང་ད་ལྟའི་དུས་སུ་སྤྱི་ཚོགས་དང་ལོ་རྒྱུས་ཀྱིས་སྤྲད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་རླབས་པོ་ཆེ་ཞིག་ཡིན་པར་སྣང་། དེབ་འདིར་བོད་ལུགས་གསོ་རིག་ལས་ལུས་ནད་མེད་ཐ་མལ་དུ་གནས་པར་བྱ་ཐབས་ཀྱི་རིག་པའི་མ་ལག་ཁག་ཕྱོགས་གཅིག་ཏུ་བསྡུས་ཏེ། ཀུན་གྱིས་གོ་བདེ་བ་དང་ལྟ་ཐུབ་ཕྱིར་ཕལ་སྐད་སྲོང་པོར་ནད་མེད་ཐ་མལ་དུ་གནས་པར་བྱ་ཐབས་དང་བཅུད་ལེན་བྱ་ཐབས་ཁག་ཁོལ་དུ་ཕྱུངས་ཏེ་བཀོད་འདུག་པ་མ་ཟད། ཟས་སྐོམ་གྱི་བདེ་སྲུང་དང་། སྤྱོད་ལམ་གྱི་བདེ་སྲུང་། སེམས་ཁམས་ཀྱི་བདེ་སྲུང་བཅས་རིགས་ཆེན་པོ་གསུམ་དུ་དབྱེ་བ་ལས། བྱེ་བྲག་ཟས་སྐོམ་རང་རང་སོ་སོའི་ཕན་ནུས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་དེ་སྔ་བོད་ཁུལ་དུ་ཆེར་མ་དར་བའི་ཟས་རིགས་འགའ་ཡང་ཁ་སྐོང་ཚུལ་བྱས་ཏེ་བསྟན་པ་དང་། ནམ་ཟླ་དུས་དྲུག་ཏུ་དབྱེ་ནས་ནམ་དུས་སོ་སོར་སྤྱོད་ལམ་ཇི་ལྟར་བསྟེན་ཚུལ། འཕྲལ་མའམ་སྐབས་ཐོབ་སུ་མཁོ་བའི་སྤྱོད་ལམ་སྲུང་ཐབས། དེ་མིན་སེམས་ཁམས་བདེ་སྲུང་ཐད་སེམས་རྣལ་དུ་ཇི་ལྟར་འབེབས་པ་དང་སེམས་ཀྱི་ཁུར་པོ་ཡང་དུ་གཏོང་ཐབས་ལ་སོགས་བསྟན་འདུག་པས། འདིར་ཆེད་དུ་འོས་སྦྱོར་ཞུས་པ་ལགས།
འབྲེལ་ཡོད་རྩོམ་ཡིག