ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲོག་འགྲེལ་སློབ་གྲྭར་སྤེལ་བ།

2020-08-31
         ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གཅིག་རྗེས་གཉིས་མཐུད་དུ་སློབ་འགོ་ཚུགས་པར་བསྟུན། གཞོན་ནུ་ལོ་ཆུང་གི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་ཏན་ཏིག་བཏང་ནས།  རང་འགུལ་ངང་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་ཆེད་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དེ་བས་མང་བ་ཁོང་དུ་ཆུད་པར་བྱ་ཆེད། སྤྱི་ཟླ་༨ཚེས་༢༨ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱིས། གྲོང་ཤར་རུ་ཆེན་དང་མཉམ་དུ་གཙང་རལ་སློབ་ཆུང་དུ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ་དང་།  སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

         བྱེད་སྒོའི་ཐོག་རུ་དཔོན་གཞོན་པ་ཆུང་བདག་ལགས་ཀྱིས།  ལྷ་ས་གྲོང་ཁྱེར་གྱི་མིག་སྔའི་འགྲིམ་འགྲུལ་དུས་བབ་དང་ཟུང་འབྲེལ་གནང་སྟེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཡ་རབས་མིན་པའི་འགྲིམ་འགྲུལ་བྱ་སྤྱོད་ཐད་ཞིབ་འགྲེལ་དང་།  གཞོན་ནུ་ལོ་ཆུང་གིས་ཤེས་དགོས་པའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྨང་གཞིའི་ཤེས་བྱ་དང་།   འགྲོ་ལམ་ཐོག་འགྲིམ་འགྲུལ་དོན་རྐྱེན་ཐོན་པའམ་ཡང་ན་ཛ་དྲག་གནས་ཚུལ་ཐོན་སྐབས་རང་སྐྱོབ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ཐད་འགྲེལ་བཤད་ཞིབ་ཕྲ་གནང་ཡོད་པ་རེད། དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་བྱས་པ་བརྒྱུད། གཞོན་ནུ་ལོ་ཆུང་ལ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བའི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས་པར་མ་ཟད། བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་དགོས་པའི་བསླབ་བྱ་གནང་བ་རེད། དུས་མཚུངས་སུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དེ་བས་ལེགས་པའི་སྒོ་ནས་བརྒྱུད་སྤྲོད་བྱ་ཆེད། ད་ཐེངས་ཀྱི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་ནས།  དྲིལ་བསྒྲགས་བྱེད་སྒོ་སྤེལ་སར་སླེབས་ཐབས་བྲལ་བའི་གཞོན་ནུ་ལོ་ཆུང་དང་།  རྒྱ་ཆེའི་འགྲིམ་འགྲུལ་པ་དེ་བས་མང་བ་མཉམ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་པས། དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་སྔར་ལས་ཆེ་རུ་ཕྱིན་ཡོད།

འབྲེལ་ཡོད་རྩོམ་ཡིག