ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཚོང་རྟགས་དེ་སྤྱོད་མཁན་གྱི་བུད་མེད་ཚོས་གཟིགས་རོགས།

2020-10-31 སྣང་རྡོས་བསྒྲིགས།
       ད་ལོའི་སྤྱི་ཟླ་9པར། ཧྲང་ཧའེ་རུ་ཡོད་པའི་མན་ཁྲུང་ཡིའུ་ཕིང་(名创优品)གི་ཚོང་ཁང་ཞིག་གིས་བཙོངས་པའི་“བཤུ་སླ་བའི་སེན་རྩི”་ལ་ཧྲང་ཧའེ་གྲོང་ཁྱེར་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིབ་བཤེར་བྱས་པར་ཐོན་རྫས་དེ་ཚད་མ་ལོན་པ་དང་ཐོན་རྫས་ཁྲོད་ཀྱི་ཁིལ་གསུམ་ཝོན་ཀ་པའི་འདུས་ཚད་589.449Ug/gཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་ལས་ལྡབ་1400ལྷག་ཙམ་གྱིས་མང་བ་དང་། ཁིལ་གསུམ་ཝོན་ཀ་པ་ནི་མཛེས་བཟོ་བྱུག་རྫས་སུ་སྤྱོད་མི་ཆོག་པའི་དངོས་རྫས་སུ་གཏོགས་པ་མ་ཟད། 2Bརིགས་ཀྱི་འབྲས་སྐྲན་སློང་བའི་དངོས་རྫས་ལ་གཏོགས་ཀྱི་ཡོད། (དེའི་གོང་གནས་ཚུལ་སྤེལ་བར།མན་ཁྲུང་ཡིའུ་ཕིང་(名创优品)གི་སེན་རྩི་རུ་འདུས་པའི་འབྲས་སྐྲན་སློང་བའི་དངོས་རྫས་ཚད་གཞི་ལས་ལྡབ་1400ལྷག་ཙམ་བརྒལ་ཡོད་ཅིང་།མི་མི་ཉུང་བ་ཞིག་གིས་སྤྱོད་ཀྱི་ཡོད།)

       གསར་འགོད་པར་དོ་སྣང་བྱུང་བར།མན་ཁྲུང་ཡིའུ་ཕིང་(名创优品)གི་ཐོན་རྫས་ལ་སྤུས་ཚད་ཀྱི་གནད་དོན་བྱུང་པ་ཐེངས་དང་པོ་མ་ཡིན་ཏེ། དེ་སྔོན་མིང་ལ“KaKaoFriends”RYAN ཞེས་པའི་ཀུ་ཤུའི་དཀར་ཡོལ་ཞིག་གི་གྲུབ་རྫས་སུའང་སུམ་འདུས་ཆིན་ཨེན་གནས་སྤོ་ཚད(4%སྐྱུར་ཁ་པ)ཀྱི་རྣམ་གྲངས་ཚད་ལྡན་མིན་པ་ཞིབ་བཤེར་བྱུང་ཡོད། གཞན་ཡང་སྤོས་ཆུ་སོགས་ཀྱི་ཐོན་རྫས་སུའང་གནོད་ཡོད་དངོས་རྫས་ཚད་ལས་བརྒལ་བ་འདུས་བའམ་ཡང་ན་ཚད་གཞི་དང་མི་མཐུན་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

       སྤྱི་ཟླ་10ཚེས་28ཉིན་མན་ཁྲུང་ཡིའུ་ཕིང་(名创优品)གི་གཞུང་ཕྱོགས་ཀྱིས་པོད་ཕྲན་དུ་ཁྱབ་བསྒྲགས་བྱས་པར།
       ད་དུང་ཡང་ཚོང་རར་ལྷག་ཡོད་པའི“བཤུ་སླ་བའི་སེན་རྩི(སྲེའུ་དམར་)”དེ་ལྡབ་10ཡི་རིན་གོང་ལྟར་ཕྱིར་བསྡུ་བྱེད་པ་དང་།
       འཛད་སྤྱོད་པས་ཐོན་རྫས་དེ་ཁྱེར་ནས་རྒྱལ་ནང་གི་མན་ཁྲུང་ཡིའུ་ཕིང་(名创优品)གི་ཚོང་ཁང་གང་རུང་ཞིག་ཏུ་སོང་སྟེ་སྐྱིན་ཚབ་ལེན་ཆོག
       ཀུང་སི་དེ་འཛུགས་མཁན་ཡེ་གོ་ཧྥུའུ་ཡིས་མི་སྒེར་གྱི་མིང་ཐོག་ནས་མི་དམངས་ཤོག་སྒོར་དུང་ཕྱུར་1བཏོན་ནས།“མན་ཁྲུང་ཡིའུ་ཕིང་(名创优品)གི་སྒོར་དུང་ཕྱུར་གྱི་སྤུས་ཚད་འགན་ལེན་ཐེབས་རྩ”ཞེས་པ་ཞིག་བཙུགས་ཡོད་ཅིང་། དེ་ནི་མ་འོངས་པར་ཐོན་རྫས་ལ་སྤུས་ཀའི་གནད་དོན་བྱུང་སྐབས།དུས་ཐོག་ཏུ་འཛད་སྤྱོད་པར་“གཅིག་སློག་གཅིག་གསབ་”ཀྱི་སྐྱིན་ཚབ་འཇལ་བྱེད་དུ་སྤྱོད་རྒྱུ་ཡིན་པ་རེད། 
འབྲེལ་ཡོད་རྩོམ་ཡིག