དེའི་ཁྲོད་བུད་མེད་བཞི་ཡིས་བག་གོས་དཀར་པོ་གྱོན་ཏེ་དོགས་སྣང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལྕགས་ལམ་སྟེང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད།
དེ་རྗེས་གླེང་གཞི་འདི་ཚ་ཚ་འུར་འུར་དུ་གྱུར།
རྒྱུས་ལོན་བྱས་པ་ལྟར་ན། ཉིན་དེར་པར་ལེན་པ་ཝུའུ་ཆེ་གེ་མོས་རང་འདོད་ལྟར་བུད་མེད་བཞི་ཁྲིད་ནས་ལྕགས་ལམ་འགྲམ་དུ་ཡོང་བ་དང་། བག་གོས་གྱོན་ནས་ལྕགས་ལམ་སྟེང་དུ་པར་ཁག་ཅིག་ལེན་རྩིས་བྱས།
མི་དམངས་ཉེན་རྟོག་པས་མཐོང་རྗེས།དེ་མ་ཐག་ཉེན་ཁ་ཆེ་བའི་བྱ་སྤྱོད་དེ་བཀག་འགོག་བྱས་ཤིང་། ཁོ་ཚོར“ཁྱེད་ཚོས་ཉེན་ཁ་གང་འདྲ་ཡོད་མེད་ལ་བསམ་བློ་མི་གཏོང་ངམ། བག་གོས་གྱོན་ནས་ལྕགས་ལམ་སྟེང་བསྡད་དེ་པར་ལེན་པའི་སྐབས་སུ་གལ་ཏེ་མེ་འཁོར་ཡོང་ན། ཁྱེད་ཚོ་གཡོལ་བའི་ཁོམ་པ་ཡང་མེད”ཅེས་བདེ་སྲུང་སྐོར་གྱི་སློབ་གསོ་བཏང་།
མཇུག་མཐར་མི་དམངས་ཉེན་རྟོག་པས་ཝུའུ་ཆེ་གེ་མོར་སྒོར200ཡི་ཆད་པ་བཅད་པ་དང་བག་གོས་གྱོན་ནས་པར་ལེན་པའི་བུད་མེད4ལ་སོ་སོ་སྒོར100ཡི་ཆད་པ་བཅད་པ་མ་ཟད། ཝུའུ་ཆེ་གེ་མོར་འཕྲལ་དུ་འབྲེལ་ཡོད་བརྙན་པར་གྱི་རྒྱུ་ཆ་བསུབ་ཏུ་བཅུག
དོན་དག་འདིའི་ཐད་ལ་དྲ་གྲོགས་མང་པོས།“འདི་ནི་རང་སྲོག་མི་དགོས་ལ་འགན་ཡང་མི་འཁུར་བའི་བྱ་སྤྱོད་རེད།” “འདི་ལྟར་པར་བླངས་ན་དོན་སྙིང་ཅི་ཞིག་ཡོད་དམ”ཞེས་གྲོས་བསྡུར་འཁྲུག་པོ་བྱེད་ཀྱི་འདུག
རང་སྲོག་རང་གིས་རྩེད་སྤྱད་མ་བྱེད་རོགས།