ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ནད་པ་མི་གྲངས་ཁྲི5000ལ་སླེབས་འདུག་པས། གཟབ་གཟབ་བྱེད་དགོས།

2020-11-11 སྣང་རྡོས་བསྒྲིགས།

ཨ་རིའི་ཡུའེ་ཧན་སི·ཧུ་ཕུའུ་ཅིན་སི་སློབ་ཆེན་གྱིས།
ཚེས8ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྡོམ་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན།
ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད11དང་སྐར་མ24བར།
(པེ་ཅིང་གི་དུས་ཚོད་ཚེས9ཉིན་གྱི་ཆུ་ཚོད0དང་སྐར་མ24སྟེང་།)

གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་
ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་མི་གྲངས་ཁྲི5000ལས་བརྒལ་འདུག

གཞི་གྲངས་ལས་མངོན་པ་ལྟར་ན།
ཨ་རི་ནི་གཏན་ཁེལ་བྱུང་བའི་ནད་པའི་སྡོམ་འབོར་དང་
ནད་པ་འཆི་བ་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་རེད།

གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་པའི་
ནད་པའི་གྲངས་འབོར་ད་དུང་སྔར་བཞིན་
མགྱོགས་མྱུར་སྒོས་འཕར་བཞིན་ཡོད་ལ།
ཉེ་སྔོན་ཐེངས་ཁ་ཤས་ལ་

མི་གྲངས་ཁྲི་སྟོང་ལས་བརྒལ་བའི་དུས་ཚོད་ཀྱི་བར་ཆོད་ནི་
སོ་སོ་ཉིན43དང་། ཉིན38དང་། ཉིན32བཅས་རེད།

ད་ཐེངས་ནད་པ་མི་གྲངས་ཁྲི4000ནས་ཁྲི5000བར་འཕར་བ་ལ།
དུས་ཚོད་ཉིན20ལས་འགོར་མེད་པས།
བར་ཆོད་དུས་ཚོད་སྔར་ལས་ཀྱང་ཇེ་ཐུང་དུ་གྱུར་འདུག

གོ་ལ་ཧྲིལ་པོའི་རིམས་འགོག་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས་
འགོག་སྲུང་དང་ཚོད་འཛིན་ནན་པོ་བྱེད་དགོས་ལ།
སྣང་ཆུང་གཏན་ནས་བྱེད་མི་རུང་།
འབྲེལ་ཡོད་རྩོམ་ཡིག