ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

གཟའ་འཁོར་རྗེས་མར་གནམ་གཤིས་གྲང་མོ་ཆགས་རྒྱུ་རེད།

2020-11-16 སྣང་རྡོས་བསྒྲིགས།

       དགུན་ཁ་བསླེབས་པས།  ལྷ་སར་ཡང་དགུན་དུས་ཀྱི་དྲོད་འཇམ་ཉི་འོད་དང་འཁྱག་རླུང་གཉིས་མཉམ་དུ་བསླེབས་པས།  སྐུ་ཉིད་ཀྱིས་ལྭ་བ་མཐུག་པོ་གྱོན་ཡོད་སྲིད།   གཟའ་འཁོར་འདིར་རང་གྲོང་གི་ས་བབ་མཐོ་བའི་ས་ཁུལ་ཁག་ཅིག་ལ་གནམ་འཐིབ་ཅིང་ཁ་བ་རོབ་ཙམ་འབབ་རྒྱུ་ཡིན་པས་ལྭ་བ་དེ་བས་ཀྱང་མཐུག་པོ་གྱོན་དགོས་ཀྱིན་ཡོད།   
     གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། 
 
     གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འཁྱག་རླུང་གི་ཤུགས་རྐྱེན་ཀྱིས་གཟའ་འཁོར་འདིར་རང་གྲོང་གྱི་ས་ཁུལ་མང་ཆེ་བར་སྤྲིན་པ་མང་བ་དང་།   ས་བབ་མཐོ་བའི་ས་ཁུལ་ཁག་ཅིག་ལ་གནམ་འཐིབ་པ་ནས་ཁ་བ་འབབ་རྒྱུ་ཡིན་ལ།   དེའི་རྗེས་ས་ཁུལ་སོ་སོའི་གནམ་གཤིས་ཅུང་ལེགས། གཟའ་འཁོར་འདིའི་ནང་ས་བབ་མཐོ་བའི་ས་ཁུལ་ཁག་ཅིག་ལ་རིམ་པ་༧ནས་༨གྱི་ལྷགས་པ་ཆེན་པོ་བརྒྱག་རྒྱུ་ཡིན་པར་མ་ཟད།  གཙང་པོ་དང་མཚེའུའི་ཁུལ་དུ་ཉིན་གུང་ཡོལ་རྗེས་རིམ་པ་༦ཡས་མས་ཀྱི་ལྷགས་པ་བརྒྱག་རྒྱུ་རེད།  

     བྱེ་བྲག་གནམ་གཤིས་གཤམ་གསལ་ལྟར་ཡིན།
     རེས་གཟའ་ཟླ་བ་ནས་མིག་དམར་བར་དུ།  རང་གྲོང་གི་ས་ཁུལ་མང་ཆེ་བར་སྤྲིན་པ་མང་བ་དང་།   ས་བབ་མཐོ་བའི་ས་ཁུལ་ཁག་ཅིག་ལ་གནམ་འཐིབ་པ་ནས་ཁ་བ་འབབ་རྒྱུ་རེད།   
     རེས་གཟའ་ལྷག་པ་ནས་རེས་གཟའ་པ་སངས་བར། ས་ཆ་སོ་སོར་གནམ་དྭངས་པ་ནས་སྤྲིན་པ་ཉུང་བ་དང་། གཟའ་མཇུག་ལ་ས་ཆ་སོ་སོར་སྤྲིན་པ་ཉུང་བ་ནས་མང་བར་འགྱུར་རྒྱུ་རེད།  

     དགུན་དུས་དོ་སྣང་བྱ་དགོས་ས། 
     ༡  གཟའ་འཁོར་འདིའི་ནང་གནམ་གཤིས་དྲོད་གྲང་ལ་འགྱུར་ལྡོག་ཆེ་བས།  དུས་འཚམས་ཀྱི་ལྭ་བ་གྱོན་ནས་གཟུགས་པོ་མ་འཁྱག་པར་གནང་རྒྱུ་དང་། རྒྱུན་རིང་པོར་ཉར་ཚགས་བྱས་པའི་ལྭ་བ་མ་གྱོན་གོང་ལ་གཙང་མར་བཀྲུ་དགོས།
     ༢ ཕྱི་རོལ་ཏུ་སྐྱོད་སྐབས་བདེ་འཇགས་ལ་ཡིད་གཟབ་གནང་རྒྱུ། གནམ་གཤིས་སྔོན་བརྡར་གསན་ནས་ཕྱི་ཕྱོགས་སུ་བསྐྱོད་རྒྱུར་བཀོད་སྒྲིག་ཡག་པོ་བྱ་དགོས།
     ༣ ལུས་ཕུང་དགོས་ངེས་སྦྱོང་བརྡར་བྱས་ཏེ་ནད་འགོག་ནུས་པ་མཐོར་འདེགས་གཏང་རྒྱུ་དང་།     ཐུགས་སེམས་ལྷོད་པོ་དང་ཆམ་རིམས་སོགས་སྔོན་འགོག་བྱ་དགོས། 
འབྲེལ་ཡོད་རྩོམ་ཡིག