ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དྲོད་རླངས་གཏོང་དུས་སྒེའུ་ཁུང་ཕྱེ་རྒྱུ་མ་བརྗེད།

2020-11-18 སྣང་རྡོས་བསྒྲིགས།
 
        སྟོན་ཁ་དང་དགུན་ཁ་ནི་དབུགས་ལམ་གྱི་འགོས་ནད་བྱུང་རྒྱུ་མང་བའི་དུས་ཚིགས་ཤིག་ཡིན་པས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་པའི་དུས་བབ་འོག མི་སྒེར་གྱི་འགོག་སྲུང་མུ་མཐུད་དུ་ཡག་པོ་བྱས་ནས་དབུགས་ལམ་གྱི་འགོས་ནད་འབྱུང་བར་དོགས་ཟོན་བྱ་དགོས། ཟླ11པའི་ཚེས3ཉིན་ཧྲེན་དབྱང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་མང་ཚོགས་ལ་དྲོད་རླངས་གཏོང་བའི་དུས་ཚིགས་སླེབས་རྗེས། ཁྱིམ་སྡོད་གཞུང་ལས་ཁོར་ཡུག་ལ་དུག་སེལ་དང་ནད་འགོག་གི་དོ་སྣང་བྱ་ཡུལ་གཙོ་བོ་རྣམས་མཚམས་སྦྱོར་གནང་བ་རེད། 
         ཧྲིན་དབྱང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དུག་སེལ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྟེ། ལག་རྩལ་པ་ཅ་ཕིན་ཨོ་ཡིས་བཤད་རྒྱུར། གནམ་གཤིས་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ་སོགས་རང་བྱུང་རྒྱུ་རྐྱེན་དང་། ཁང་པའི་ནང་དུ་སྡོད་ཡུན་རིང་བ། ཁ་དབུགས་གསར་པ་ཉུང་བ་སོགས་རང་ངོས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དབུགས་ལམ་གྱི་འགོས་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། དེར་བརྟེན། རྒྱུན་ལྡན་གྱི་འགོག་སྲུང་ནི་མེད་དུ་མི་རུང་བ་ཞིག་སྟེ། དཔེར་ན། ལག་པ་ཡང་ཡང་བཀྲུ་བ་དང་། འདུ་འཛོམས་ཉུང་ཙམ་བྱེད་པ། རྒྱུན་དུ་རླུང་རྒྱུ་རུ་འཇུག་པ། ཁ་རས་རྒྱག་པ། མི་དང་མིའི་བར་ཐག་ལ་སྨི་གཅིག་སྲུང་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་དག་ལྷོད་གཡེང་དུ་གཏོང་མི་རུང་། “དྲོད་རླངས་གཏོང་བའི་དུས་ཚིགས་སུ་སྒེའུ་ཁུང་ཕྱེ་ནས་ཁ་དབུགས་གསར་པ་རྒྱུ་རུ་འཇུག་པར་ སྔར་བས་དོ་སྣང་བྱེད་དགོས་པ་ལས་གྲང་ངར་ལ་སྐྲག་སྟེ་སྒེའུ་ཁུང་དམ་པོར་བརྒྱབ་ནས་འཇོག་མི་རུང་ཞེས་དྲན་སྐུལ་གནང་།” ཅ་ཕིན་ཨོ་ཡིས་གཞུང་ལས་ཁང་དང་ཁྱིམ་གྱི་མཁའ་དབུགས་དུག་སེལ་དེ་གཙོ་བོར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བའི་ཐབས་ལ་བརྟེན་དགོས་པ་དང་། ཉིན་རེར་སྒེའུ་ཁུང་ཕྱེ་ནས་ཐེངས2ནས3དང་ཐེངས་རེར་སྐར་མ20ནས30རིང་ལ་རླུང་རྒྱུ་རུ་འཇུག་དགོས། དེ་མིན་སྒེའུ་ཁུང་ཕྱེ་དུས་དྲོད་གྲང་ལ་གཟབ་གཟབ་བྱེད་དགོས་ཤིང་། ཕྱི་རོལ་གྱི་མཁའ་རླུང་གི་སྤུས་ཚད་ཅུང་ཞན་དུས་སྒེའུ་ཁུང་ཕྱེ་བའི་ཐེངས་གྲངས་དང་དུས་ཚོད་འོས་འཚམ་གྱིས་ཇེ་ཉུང་དུ་བཏང་ཆོག་ཅེས་བཤད།

         རིམས་ནད་ཀྱི་སྐབས་སུ་མི་ཉུང་ཤས་ཤིག་ལ་དུག་སེལ་་སྤྱོད་པའི་གོམས་གཤིས་ཤིག་ཆགས་ཡོད།  འོན་ཀྱང་ཁྱིམ་གྱི་ཁོར་ཡུག་ལ་དོན་ངོ་མར་རྒྱུན་དུ་དུག་སེལ་བྱེད་དགོས་སམ་ཞེ་ན། ཅ་ཕིན་ཨོ་ཡིས“གལ་ཏེ་ཏོག་གསར་གློ་ཚད་ཀྱི་ནད་དཔེ་གཏན་འཁེལ་བྱས་པའི་ནད་པ་དང་། ནད་རྟགས་ཆ་འདྲ་བ་ཅན། ཡང་ན་ནད་རྟགས་མེད་པའི་ནད་པ་སོགས་གང་རུང་ལ་འབྲེལ་འདྲིས་བྱས་མ་མྱོང་བ་དང་། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་མཁན་གྱི་མི་མེད་ཚེ་ཁྱིམ་གྱི་ཁོར་ཡུག་བལྟོས་བཅས་ཀྱིས་བདེ་འཇགས་ཡིན་པས་དུག་སེལ་བྱེད་མི་དགོས། རྒྱུན་དུ་གཞུང་ལས་དང་ཁྱིམ་གྱི་ཁོར་ཡུག་ལ་རླུང་རྒྱུ་བ་དང་། ལག་པ་ཡང་ཡང་བཀྲུ་བ། གཙང་སྦྲ་ལེགས་པོ་བཅས་བྱས་ན་ཆོག་པ་ལས་དམིགས་བསལ་སྒོས་དུག་སེལ་་གང་བྱུང་དུ་སྤྱོད་མི་རུང”ཞེས་བཤད། གཞན་ཡང་ཚང་མར་གསལ་འདེབས་བྱ་རྒྱུ་ཞིག་ལ། ཁང་བའི་ནང་དུ་མི་ཡོད་དུས་རྫས་འགྱུར་དུག་སེལ་རྫས་སྤྱད་དེ་མཁའ་རླུང་ལ་དུག་སེལ་བྱེད་མི་ཆོག་པ་དང་། གལ་ཏེ་དུག་སེལ་གཤེར་ཁུ་སྤྱད་ནས་བྱིས་པའི་སྤོས་འགྱིག་གི་རྩེད་ཆས་དང་ཆབ་གཞོང་སོགས་ཀྱི་ཡོ་བྱད་ལ་དུག་སེལ་བྱས་རྗེས་ངེས་པར་དུ་ཐེངས་མང་པོར་ཆུ་གཙང་མས་བཀྲུ་དགོས། གཏན་ནས་ཁིལ་འདུས་དུག་སེལ་རྫས་དང་སྤྱོད་ཁང་བཀྲུ་བྱེད་ཀྱི་རྫས་གཉིས་མཉམ་དུ་བསྲེས་ནས་སྤྱོད་མི་རུང་སྟེ། ཐོན་རྫས་རིགས་དེ་གཉིས་མཉམ་དུ་བསྲེས་རྗེས་ཁིལ་དབུགས་འབོར་ཆེན་གཏོང་སྲིད་པས་མིའི་དབུགས་ལམ་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད། 
འབྲེལ་ཡོད་རྩོམ་ཡིག