ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།

2020-03-13 སྣང་རྡོས་བསྒྲིགས།
         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱས་ཏེ་ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་པའི་དཔྱད་གཏམ་ཞིག་སྤེལ་ཡོད་པ་རེད།  

         དཔྱད་གཏམ་ནང་། རིམས་ནད་དང་དམག་འཐབ་བྱེད་པའི་འཐབ་ས་གཙོ་བོ་ཝུའུ་ཧན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འཐབ་ས་དང་པོར་ཕེབས་ནས་བཀོད་འདོམས་གནང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་སྒུལ་ཤུགས་ཆེན་པོ་མཁོ་འདོན་གནང་ཡོད་ཅེས་བསྟན་ཡོད་པ་རེད། 

         དཔྱད་གཏམ་ནང་། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་སའི་ས་ཆ་ཞིག་ཡིན་པའི་ངོས་ནས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད་པས། མུ་མཐུད་ཨམ་གཙིགས་བསྡམས་ནས་རྒྱལ་ཁ་ཡོངས་སུ་ལེན་མ་ཐུབ་བར་དམག་འཐབ་མཇུག་སྒྲིལ་མི་རུང་། འགོག་སྲུང་དང་སྨན་བཅོས་་ཀྱི་ལྷུ་ཚིགས་སུ། སྨན་ཁང་གི་ནད་བཅོས་སྲོག་སྐྱོབ་བྱ་ཡུལ་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་ཡུལ་གྱི་འཐབ་ས་གཉིས་ཀྱི་ལས་དོན་བརྟན་སྲུང་བྱེད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཏེ། རྒྱུན་གཏན་གྱི་མཁོ་ཆས་འགན་ལེན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ཀྱི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག བསམ་ཤེས་དང་བཟོད་སྒོམ། ཁོང་ཡངས་བཅས་ཀྱི་སེམས་ཁམས་ཐོག་ནས་མང་ཚོགས་ལ་སེམས་ཁམས་ཁྲིད་སྟོན་དང་སེམས་ཁམས་གུ་ཡངས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་ཆོས་རིག་གནས་ཐད་ཀྱི་ཐུགས་ཁུར་ཡག་པོ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག