ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།

2020-03-13 སྣང་རྡོས་བསྒྲིགས།
         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དངོས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་དགོས་ཞེས་པའི་དཔྱད་གཏམ་ཞིག་སྤེལ་བ།

         དཔྱད་གཏམ་ནང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་འགག་རྩའི་དུས་སུ་སླེབས་སྐབས།  དུས་ཐོག་དང་ཁ་གསལ་སྒོ་ནས་སྐྱེ་དངོས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་བཅུག་ཚེ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་གི་སྲིད་ཇུས་དང་། ཐབས་ལམ། བྱ་ཐབས་བཅས་མགྱོགས་མྱུར་བསྐྲུན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་དུས་བབ་ལ་དབྱེ་ཞིབ་དང་གཟིགས་རྒྱང་རིང་པོས་བཅད་པའི་ཇུས་ཐག་གལ་ཆེན་ཞིག་ཡིན་ཞེས་འཁོད་ཡོད།

         དཔྱད་གཏམ་ནང་། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་ཐོག་མར་ཚན་རྩལ་ལ་བརྟེན་དགོས་པ་དང་། དེ་ནས་ཁྲིམས་སྐྱོང་རྒྱབ་རྟེན་དུ་བྱེད་དགོས་པ་མ་ཟད། ད་དུང་གཞི་རིམ་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱེད་དགོས། འཕྲོད་བསྟེན་རིམས་འགོག་དང་། སྡེ་ཁུལ་ཞབས་ཞུ། སྨན་བཅོས་དངོས་རྫས་སོགས་ཐད་ཀྱི་གཞི་རིམ་གྱི་ཞན་ཆ་གསབ་པ་དང་། མི་རྒྱུ་དངོས་གསུམ་སོགས་ཐོན་ཁུངས་ཀྱི་སྔོན་མཐོང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་བའི་གོམས་གཤིས་ངན་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། ཡ་རབས་བདེ་ཐང་དང་སྦག་མེད་ཁོར་སྲུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ནས། མཐའ་མར་སྡེ་ཁུལ་དང་གྲོང་གསེབ་ཏུ་ཁྱབ་པའི་སྐྱེ་དངོས་བདེ་འཇགས་ཀྱི་དྲ་རྒྱ་བསྐྲུན་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག