ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།

2020-03-13 སྣང་རྡོས་བསྒྲིགས།
         འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་འགོ་བརྗོད་དུ་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གང་སྔ་དང་ཁྱོན་ཡོངས་སྒོ་ནས་རྒྱུན་ལྡན་གྱི་འཁོར་ལམ་ཐོག་བསྐྱོད་གང་ཐུབ་བྱེད་དགོས་ཞེས་འཁོད་པ་དེ་གཏོང་སྤེལ་བྱས་ཡོད།

         དཔྱད་གཏམ་ནང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན་པས་དཔལ་འབྱོར་གོང་འཕེལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་འགག་གཏོར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁ་གཉིས་ལེན་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་འཁོད་ཡོད་པ་དང་།

         དཔྱད་གཏམ་ནང་།  རིམས་ནད་སྔོན་འགོག་ཚོད་འཛིན་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་གནས་ཁག་གིས་ནུས་ཤུགས་གང་ཡོད་བཏོན་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་གསར་པ་སྔོག་འདོན་སྐུལ་སྤེལ་བྱེད་པ་དང་། མ་འཇོག་བར་ཁམས་གསར་པ་རྒྱ་ཆེར་བཏང་ནས་རིམས་ནད་ཀྱིས་དཔལ་འབྱོར་ལ་བརྡབ་གསིག་ཐེབས་ཚད་ཆུང་ཤོས་སུ་གཏོང་དགོས་པ་དང་། ནུས་ཤུགས་གང་ཡོད་བཏོན་ནས་ནོར་སྲིད་དང་དངུལ་རྩ་སོགས་བརྒྱུད་དཔལ་འབྱོར་འཁོར་སྐྱོད་ཤུགས་ཆེར་གཏོང་བ། གཙོ་གནད་ཐོག་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་ལ་རོགས་རམ་དང་ཟུར་སྐྱོར་བྱས་ཏེ་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཐག་གཅོད་བྱེད་པ་དང་། ལས་ཞུགས་ཀྱི་གཞི་རྩའི་གནས་བབ་བརྟན་པོ་ཡོང་བ་བྱེད་དགོས། ནུས་ཤུགས་གང་ཡོད་ཀྱིས་ཏན་ཏིག་དམ་འཛིན་དང་།  ཞིབ་ཕྲ་དམ་འཛིན། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་གྱིས་འཐུས་ཤོར་བྱུང་བ་རྣམས་ཁ་གསབ་ཐུབ་པ་བྱེད་དགོས་ཞེས་འཁོད་ཡོད་པ་རེད། 

འབྲེལ་ཡོད་རྩོམ་ཡིག