ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

རིམས་འགོག་འཐབ་སའི་དཔའ་མོ་རྣམས་ལ་གུས་པས་འདུད།

2020-03-13 སྣང་རྡོས་བསྒྲིགས།

         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་དཔྱད་གཏམ་ནང་འཁོད་དོན།   གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ། ཉེ་བའི་ཟླ་བ་གཉིས་ཙམ་གྱི་དམག་འཐབ་ཛ་དྲག་པོའི་ཁྲོད། ལས་རིགས་ཁག་གི་བུད་མེད་སྤུན་ཟླ་ཚོས་ཉེན་ཁར་མི་འཛེམ་པར། འཕྲལ་མ་ཉིད་དུ་རིམས་ནད་འགོག་བཅོས་ཀྱི་འཐབ་ས་མདུན་མར་བསྐྱོད་པ་དང་། དཔའ་ངར་ཞུམ་མེད་ཐོག་ཉིན་མཚན་དབྱེར་མེད་འབད་འཐབ་གནང་སྟེ། འཛམ་གླིང་ལ་ཀྲུང་གོའི་བུད་མེད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པའི་དཔའ་མོའི་ཉམས་འགྱུར་མངོན་པར་བྱས་ཡོད།

         མིག་སྔར་རྒྱལ་ཡོངས་ནས་ཧུའུ་པེར་རོགས་སྐྱོར་གནང་བར་ཕེབས་པའི་སྨན་དོན་མི་སྣའི་ཁྲོད་བུད་མེད་ཀྱིས་བསྡུར་གྲངས་མང་ཆེ་བ་བཟུང་ཡོད། ཁོང་རྣམས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། ཉིན་ནས་མཚན་མཐུད་དེ་དཀའ་སྤྱད་འབད་འཐབ་ཀྱིས་ནད་བཅོས་སྲོག་སྐྱོབ་གནང་བས། སྨན་པའི་བྱམས་སེམས་ཆེན་པོ་དང་། བླ་ན་མེད་པའི་སྙིང་སྟོབས་ལེགས་པར་མངོན་ཡོད། ཚན་རིག་ཞིབ་འཇུག་འཐབ་ཕྱོགས་ཀྱི་རྒྱ་ཆེའི་བུད་མེད་ཚོས་ཀྱང་། ཚན་རིག་ཞིབ་འཇུག་གི་ལག་རྩལ་ཁྱད་དུ་འཕགས་པར་བརྟེན་ནས་རིམས་ནད་སྔོན་འགོག་བྱེད་པར་རིག་སྟོབས་ཀྱི་འདེགས་སྐྱོར་མཛད་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་མཉམ་འགོག་མཉམ་བཅོས་ཀྱི་འཐབ་ས་མདུན་མར་ལས་གནས་བརྟན་སྲུང་དང་། ཐོན་སྐྱེད་ལས་གནས་ཐོག་ལས་ཀ་འཕར་མ་གནང་ནས། བུད་མེད་ཀྱི་གཟུགས་བརྙན་དེ་ཉིད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་གང་སར་མངོན་པར་བྱས་ཡོད། དེར་བརྟེན། སྤྱི་ཚོགས་ཧྲིལ་པོས་དཔའ་མོ་རྣམས་མིག་དཔེར་བཟུང་སྟེ། ཆོད་སེམས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ལས་གནས་ཐོག་གཞི་རྐང་འཛུགས་པ། འབད་འཐབ་པ་ཆེས་མཚར་ཤོས་སུ་འགྱུར་བའི་བརྩོན་ལེན་བཅས་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག