ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།

2020-03-13 སྣང་རྡོས་བསྒྲིགས།
        ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་འགོ་བརྗོད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ངེས་པར་དུ་དུས་འགོ་ལྟར་དུས་མཇུག་ཏུ་གཟབ་ནན་བྱེད་དགོས་ཞེས་འཁོད་པའི་དཔྱད་གཏམ་ཞིག་སྤེལ་ཡོད།

        དཔྱད་གཏམ་ནང་། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་མཐའ་མའི་རྒྱལ་ཁ་ལེན་པའི་དུས་སུ་སླེབས་ཡོད།  འོན་ཀྱང་ངེས་པར་དུ་དོགས་ཟོན་བྱེད་དགོས་པ་ཞིག་ནི་གོ་ལའི་ཧྲིལ་པོའི་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྣམ་པ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་། རིམས་ནད་ཕྱི་རྒྱལ་ནས་རང་རྒྱལ་དུ་འགོས་པའི་གནས་ཚུལ་ཡང་སེ་ཐོན་བཞིན་ཡོད་ཅེས་བསྟན་ཡོད།

        དཔྱད་གཏམ་ནང་། ས་གནས་ཁག་དང་ཚན་པ་ཁག་གིས་མུ་མཐུད་དེ་རྒྱལ་ཡོངས་གོང་འོག་གཅིག་གྱུར་གྱི་འཐབ་ཇུས་རྒྱུན་འཁྱོངས་ཀྱིས་རིམས་ནད་ནང་ཁུལ་དུ་འགོས་ཁྱབ་འགྲོ་རྒྱུ་དང་ཕྱི་རྒྱལ་ནས་རྒྱལ་ནང་དུ་འགོས་ཁྱབ་འགྲོ་རྒྱུ་གཉིས་བཀག་འགོག་ཏན་ཏིག་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ནས་རིམས་ནད་གནས་ཚུལ་བསྐྱར་ལོག་མི་རྒྱག་པ་བྱེད་དགོས། འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་མོའི་ཉམས་འགྱུར་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ལྷག་པར་དུ་རིམས་ནད་ཚབས་ཆེ་བའི་རྒྱལ་ཁབ་དང་ལྷན་དུ་རིམས་ནད་ཀྱི་འབྱུང་ཁུངས་རྩད་འཚོལ་དང་། སྨན་རྫས། རིམས་འགོག་སྨན་ཁབ། ལྟ་ཞིབ་སོགས་ཐད་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་གྲངས་གཞི་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་ཁ་གཏད་གཅོག་པའི་འཐབ་ཇུས་ཞིབ་འཇུག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་འཁོད་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག