ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

དམག་འཐབ་འདི་གཉིས་ཆབས་ཅིག་ཏུ་རྒྱག་དགོས།

2020-03-13 སྣང་རྡོས་བསྒྲིགས།

        ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་གཏམ་འགོ་བརྗོད་དུ། ནད་ཡམས་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་འཁོད་པ་སྤེལ་ཡོད། དཔྱད་གཏམ་ནང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་སུ་སླེབས་ཡོད་ལ། དབུལ་སྒྲོལ་འགག་གཏོར་ལ་ཡང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་སུ་སླེབས་ཡོད་པས། རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་འདི་གཉིས་དུས་མཉམ་དུ་རྒྱག་དགོས། ད་ལོ་ནི་དབུལ་སྒྲོལ་འགག་གཏོར་མཇུག་བསྡུ་བའི་ལོ་ཡིན་པས། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ནས་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་བར། ལྷག་བསྡད་པ་ཚང་མ་དཀའ་ཚེགས་ཆེ་བ་ཤ་སྟག་ཡིན། ལྷག་པར་དུ་དབུལ་སྒྲོལ་འགག་གཏོར་ལ་ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པའི་དབང་གིས། ལས་དོན་ཁག་གི་དུས་ཚོད་དེ་བས་ཛ་དྲག་ཏུ་སོང་བ་དང་། འགན་འཁྲི་དེ་བས་ལྕི་རུ་སོང་བ། རེ་བ་དེ་བས་མཐོ་རུ་ཕྱིན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཁ་ཚ་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་བཅངས་ནས། འབད་འབུངས་ཆེར་བསྐྱེད་ཀྱིས་དབུལ་སྒྲོལ་འགག་གཏོར་དམིགས་ཚད་དུས་བཀག་ལྟར་ལེགས་འགྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

        དཔྱད་གཏམ་ནང་། གཅིག་ནས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱ་དགོས་ལ། གཉིས་ནས་གྲུབ་འབྲས་བརྟན་པོ་ཡོང་བ་བྱ་དགོས། དབུལ་སྒྲོལ་འགག་གཏོར་གྲུབ་འབྲས་ཀྱིས་ཁྱོན་ཡོངས་ཀྱི་ཚོད་བགམ་ཐེག་ཐུབ་རྒྱུར་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ནད་ཡམས་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་གཏོར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་གཉིས་ཀ་མཚམས་འཇོག་མི་བྱེད་པ་དང་། དེར་སྣང་ཆུང་མི་བྱེད་པ། ལྷོད་གཡེང་མི་གཏོང་བ་བཅས་བྱེད་པ་དང་། ནད་ཡམས་ཀྱི་ཚོད་བགམ་དང་ནད་ཡམས་ཀྱིས་བཟོས་པའི་དཀའ་ཚེགས་ལས་རྣམ་པར་རྒྱལ་བ་བྱས་ཐོག ཆོད་སེམས་སྔར་བས་བརྟན་པ་དང་སེམས་ཤུགས་སྔར་བས་ཆེ་བའི་སྒོ་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་གཉིས་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་ནན་སྟོན་བྱས་ཡོད།
འབྲེལ་ཡོད་རྩོམ་ཡིག