ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།

2020-03-20 སྣང་རྡོས་བསྒྲིགས།
         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་གཏམ་འགོ་བརྗོད་དུ་ཏང་དང་མི་དམངས་ཀྱིས་ཁྱེད་རྣམས་ལ་བྱས་རྗེས་རིམ་པ་དང་པོ་འགོད་རྒྱུ་ཡིན་ཞེས་འཁོད་པའི་དཔྱད་གཏམ་ཞིག་སྤེལ་ཡོད་པ་རེད།

         དཔྱད་གཏམ་ནང་། རྣོ་ངར་ཆེ་ལ་ཁ་ཚ་དགོས་གཏུག་གི་འཐབ་རྩོད་ཁྲོད། ཧུའུ་པེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ས་གནས་ཁག་གི་གོས་དཀར་ལྷ་རྗེ་རྣམས་ནས་ཉེན་ཁའི་ཕྱོགས་སུ་གདོང་མཆོངས་དང་འཇིགས་སྣང་མེད་པའི་སྙིང་སྟོབས། ཞུམ་པ་མེད་པའི་བློ་སྟོབས་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ནང་ཞུགས་ནས་ནད་པ་ཚོའི་ཚེ་སྲོག་སྐྱོབ་པ་དང་ཚེ་སྲོག་ལ་གུས་བཀུར་དང་སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་ཕོད་པ། གཅེས་སེམས་སྐྱེས་སུ་འབུལ་བ་བཅས་ཀྱི་ལས་རིགས་སྙིང་སྟོབས་གང་ལེགས་མངོན་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་སྨན་པའི་བྱམས་སེམས་ཀྱི་བླ་ན་མ་མཆིས་པའི་འགན་འཁྲིར་གསལ་འགྲེལ་བྱས་ཡོད་ཅེས་འཁོད་ཡོད་པ་དང་།

         དཔྱད་གཏམ་ནང་། ས་གནས་ཁག་དང་སྡེ་ཁག་ཁག་གིས་འགོག་སྲུང་དངོས་རྫས་དང་འཚོ་བའི་དངོས་རྫས་འགན་སྲུང་། གླ་ཕོགས་ཐོབ་ཐང་། གནས་སྐབས་རང་བཞིན་གྱི་གླ་ཕོགས་རོགས་དངུལ། འཕྲོད་བསྟེན་རིམས་ནད་སྔོན་འགོག་ཁ་གསབ་ཐོབ་ཐང་བཅས་དོན་འཁྱོལ་ཡག་པོ་བྱེད་པ་དང་འཐབ་ས་དང་པོའི་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སེམས་འབུལ་བའི་སྲིད་ཇུས་བྱ་ཐབས་མགྱོགས་ནས་མྱུར་ཏུ་བཏོན་ནས་གོས་དཀར་འཐབ་འཛིང་པ་རྣམས་དུས་ཐོག་ཏུ་ངལ་གསོ་ཡག་པོ་ཐུབ་པ་དང་སྔར་བས་ལེགས་པའི་སྙིང་སྟོབས་དང་བསམ་བློའི་ཐོག་ནས་ལས་གནས་ཐོག་སྐྱོད་རྒྱུ་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག