ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ།

2020-03-20 སྣང་རྡོས་བསྒྲིགས།
       ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་མཚར་སྡུག་རྣམ་པར་བཀྲ་བའི་ལང་ཚོའི་མེ་ཏོག་བཞད་དུ་འཇུག་དགོས་ཞེས་པའི་དཔྱད་གཏམ་སྤེལ་བ།

       དཔྱད་གཏམ་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་ཟབ་མོ་དང་མངགས་བཅོལ་ཟབ་མོ་ཡིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་གཞོན་ནུ་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱས་ནས་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་མ་ཐེབས་ངེས་ཡིན་ལ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རང་སོའི་ལས་གནས་ཐོག་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་དུས་རབས་གསར་པའི་གཞོན་ནུའི་ལེགས་སྐྱེས་འབུལ་རྒྱུར་སྐུལ་མ་ཐེབས་ངེས་ཡིན་ཞེས་བསྟན་ཡོད་པ་རེད།

       དཔྱད་གཏམ་ནང་། རྒྱ་ཆེའི་གཞོན་ནུ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང་། ལེགས་སྐྱེས་འབུལ་ཕོད་པའི་བླ་ན་མེད་པའི་ཀུན་སྤྱོད། འགན་འཁྲི་འཁུར་ཕོད་པའི་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་བཅས་མུ་མཐུད་དར་སྤེལ་བཏང་སྟེ། རིམས་འགོག་གི་འཐབ་ས་དང་པོ་ནས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་པའི་བར་དང་། ཚན་ཞིབ་འགག་སྒྲོལ་ནས་དངོས་ཟོག་འགན་ལེན་བྱེད་པའི་བར། དེ་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བར་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལྷུ་ཚིགས་ཁག་དང་ལས་གནས་ཁག་ཏུ་རང་འགན་གཙང་སྒྲུབ་དང་། གསར་གཏོད་བྱེད་ཕོད་པ། ནུས་ཤུགས་ཡོད་རྒུས་འབད་འཐབ་བཅས་བྱས་ཏེ། རྒྱལ་གཅེས་ཀྱི་བརྩེ་སེམས་དེ་བྱ་སྤྱོད་ངོ་མའི་ཐོག་ནས་མཚོན་པར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གཉིས་ཐོབ་ཆེད་ལང་ཚོའི་གསོན་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག