ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

མང་ཚོགས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

2020-03-20 སྣང་རྡོས་བསྒྲིགས།
         ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་གཏམ་མང་ཚོགས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་པ་སྤེལ་ཡོད།

         དཔྱད་གཏམ་ནང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། མི་དམངས་མང་ཚོགས་ཀྱི་དངུལ་དང་། སྔོ་ཚལ། སྨན་རྫས་བཅས་ལ་དོ་ཁུར་ཟབ་མོ་བྱས་ནས་མཐའ་མའི་སྤྱི་ལེ་གཅིག་གི་མཁོ་སྤྲོད་ལ་འགན་ལེན་བྱེད་དགོས།  ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཁྱིམ་དུ་ལོགས་སུ་བཀར་བའི་མི་ཧྲེང་རྒན་རྒོན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ལ་ལྟ་རྟོག་བྱ་རྒྱུར་ཤུགས་སྣོན་གྱིས་དཀའ་ངལ་ཡོད་པ་དུས་ཐོག་ཏུ་སེལ་བ་དང་འགན་ཟླ་ཡོད་པ་དུས་ཐོག་ཏུ་སེལ་དགོས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཞིབ་ཕྲའི་ལས་དོན་ལ་དམ་འཛིན་དང་དོ་ཁུར་བྱེད་དགོས་པ་དང་། བྱ་སྤྱོད་ཁྲོད་ནས་འགན་སེམས་མངོན་པ་དང་བྱ་སྤྱོད་ཁྲོད་འགན་འཁྲི་ཤུགས་ཆེར་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མུ་མཐུད་དཀའ་སྤྱད་འབད་འཐབ་དང་ཐེངས་འདིའི་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག