སྤྱི་ལོ ༡༩༥༢ ལོའི་ཟླ ༩ པར་ཧོ་ལན་ཊར་སྐྱེས། ༡༩༧༥ ལོར། ཁཱ་ན་ཏའི་སཱ་སྐ་ཆེ་ཝན་སློབ་ཆེན(University of Saskatchewan)དུ་ཆེད་ལས་བོད་རིག་པ་དང་རྒྱ་དང་སོག་པོའི་རིག་གནས། མཚན་ཉིད་རིག་པ་བཅས་ཀྱི་ཤེས་རམས་པའི་བསླབ་གནས་བླངས། སྤྱི་ལོ ༡༩༧༦ ལོར། སློབ་ཆེན་དེར་བོད་དང་སོག་པོ། མན་ཇུ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། སྤྱི་ལོ ༡༩༧༧ ནས་སྤྱི་ལོ ༡༩༧༩ བར་དུ། འཇར་མན་ཧོང་པོ་ཊྀ་གཙུག་ལག་སློབ་ཆེན(Humboldt University of Berlin)དུ་བོད་རིག་པ་དང་། རྒྱ་དཀར་ནག་རིག་པ། མཚན་ཉིད་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་བསླབ་གནས་རེག སྤྱི་ལོ ༡༩༨༠ ལོ་ནས ༡༩༨༣ བར་དུ། ཀ་ལི་ཀ་ཏར་ཡོད་པའི་བལ་ཡུལ་ཞིབ་འཇུག་ཁང་དུ། བལ་ཡུལ་དང་འཇར་མན་གྱི་ལག་བཤུའི་མ་ཡིག་ཉར་ཚགས་ལས་གཞིའི་འགན་འཛིན་པ་བྱས་ཤིང་། དེའི་ཕྱི་ལོར། བལ་ཡུལ་དང་རྒྱ་གར་དུ་ཞིབ་འཇུག་གི་ལས་གཞི་བསྒྲུབས།
སྤྱི་ལོ ༡༩༨༥ ནས ༡༩༨༧ ལོའི་བར་དུ། འཇར་མན་གྱི་སྦིར་ལིན་སློབ་ཆེན་དུ་ཁྲིད་རོགས་ཀྱི་འགན་ཁུར་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག ནང་དོན་རིག་པ་ཁྲིད། ༡༩༩༢ ལོ་ནས་སྤྱི་ལོ ༡༩༩༣ ལོར། སིའ་ཐོ་ཝ་ཧྲིན་ཊོན་སློབ་ཆེན(the University of Washington in Seattle)གྱི་ལོ་རྒྱུས་སྡེ་ཁག་གི་གདན་ཞུའི་དགེ་རྒན་ཆེན་མོ་བྱས་ཤིང་། ཕྱིས་སུ་སློབ་གྲྭ་དེའི་ཨེ་ཤེ་ཡའི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཁྲིད་རོགས་བྱས་ཏེ། སྔར་བཞིན་བོད་ཀྱི་སྐད་བརྡ་དང་རྩོམ་རིག ནང་དོན་རིག་པ་བཅས་ཁྲིད། སྤྱི་ལོ ༡༩༩༥ ལོའི་ཟླ ༧ པ་ནས་བཟུང་། ཧ་ཝར་དྷི་སློབ་ཆེན་གྱི“བོད་དང་ཧི་མ་ལ་ཡ་ཞིབ་འཇུག”གི་དགེ་རྒན་ཆེན་མོ་བྱས་ཤིང་། ཕྱིས་སུ་སློབ་གྲྭ་དེ་གའི་ལེགས་སྦྱར་སྐད་དང་རྒྱ་གར་རིག་པའི་སྡེ་ཁག་གི་གཙོ་གཉེར་གནང་། ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་ནི་རྒྱ་གར་དང་བོད་ཀྱི་ནང་ཆོས་དང་བོད་ཀྱི་རིག་གནས་དང་ཆབ་སྲིད་ཀྱི་ལོ་རྒྱུས། བོད་དང་སོག་པོ། དེ་བཞིན་བོད་དང་རྒྱའི་བར་གྱི་འབྲེལ་བའི་ལོ་རྒྱུས་ཡིན། སྤྱི་ལོ ༡༩༩༧ ལོར། ཁོང་པེ་ཅིང་བོད་རིག་པའི་དཔྱད་གླེང་ཚོགས་འདུར་ཞུགས་ཤིང《རིན་ཟླ་བ་དང་ཁོང་གི་གསུངས་རྩོམ》ཞེས་པའི་དཔྱད་རྩོམ་སྒྲོགས་སྦྱངས་བྱས། སྤྱི་ལོ ༡༩༩༩ ལོར། ཁོ་དང་སྐུ་ཞབསE. Gene Smith.གཉིས་ཀྱིས“བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས”(the Tibetan Buddhist Resource Center (TBRC))ཞེས་པ་བཙུགས། སྤྱི་ལོ ༢༠༠༡ ལོའི་ཟླ ༢ པ་དང ༢༠༠༢ ལོའི་ཟླ ༡ པོར། ཁོང་དང་ཧྥེ་ཀྲིན་ཆིན་ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་ལྟེ་གནས་སུ་ཧ་ཝར་དྷི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་བསྡུས། ཁོང་གིས་ཧར་ཝི་དྷི་སློབ་ཆེན་ནས་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བྱས་པ་ནས་བཟུང་ད་རག་བར་བོད་རིག་པ་དང་རྒྱ་གར་རིག་པར་ཞིབ་འཇུག་བྱེད་མཁན་ཀྱི་འབུམ་རམས་པ ༡༠ ཕྲག་ཞིག་བསྐྱངས་ཡོད།
ཁོང་གི་བརྩམས་ཆོས་གཙོ་བོ་ལ།
༡། 《མཁས་གྲུབ་རྗེའི་ཡུལ་ལུང་རིང་ལུགས་དང་ཡུལ་སྐད་སྐོར་གྱི་ལྟ་ཚུལ་ལ་དཔྱད་པ》སྦིར་ལིན་གྱི《རྒྱ་གར་རིག་པ་ཞིབ་འཇུག》སྟེང་སྤེལ། (Studies in the Life and Thought of Mkhas grub rje IV: Mkhas grub rje on Regionalisms and Dialects )(Berliner Indologische Studien ༢ ༡༩༨༦) རྩོམ་འདིའི་རྒྱ་འགྱུར་མ《ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་དཔྱད་རྩོམ་འགྱུར་མ་ཕྱོགས་སྒྲིག》ཐེངས ༧ པར་བསྡུས། 《国外藏学研究译文集》第༧辑
༢། 《སྤུར་རྒྱལ་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་གསར་བ་ཞིག》《一部研究吐蕃王国史的新作》A Recent contribution on the History of the Tibetan Empire)(Journal of the American Oriental Society ༡༡༡ ༡༩༩༡,༩༤-༡༠༧)འདི་ཉིད《ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་དཔྱད་རྩོམ་འགྱུར་མ་ཕྱོགས་སྒྲིག》ཐེངས ༡༢ པར་བསྡུས་ཡོད། 《国外藏学研究译文集》第12辑
༣། 《དུས་རབས༡༥པའི་སྐབས་ཀྱི་བོད་ཡུལ་དུ་ཡོད་པའི་རྒྱ་གར་དང་ལངྐའི་ཡུལ་གྱི་ཡུལ་སྐོར་བ》《༡༥世纪西藏的印度和锡兰游客》(Still in Search of Dharma: Indian and Ceylonese Travellers in Fifteenth Century Tibet)
༤། 《དུས་རབས༡༡-༡༣པ་བར་གྱི་བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་འཕེལ་རྒྱས》《11-纪藏传佛教认识论的发展》(Contributions to the Development of Tibetan Buddhist Epistemology From the Eleventh to the Thirteenth Centuries
༥། 《སྔ་དུས་བོད་ཀྱི་ནང་བསྟན་རྩོམ་རིག་གི་དཔྱད་ཞིབ》An Early Tibetan Survey of Buddhist Literature ཞེས་པ ༢༠༠༨ ལོར་ཧ་ཝར་ཊི་སློབ་ཆེན་གྱི་ཤར་ཕྱོགས་ཞིབ་འཇུག་གི་དཔེ་ཚོགས( Harvard Oriental Series)ཀྱི་ནང་དུ་པར་དུ་བསྐྲུན། དེབ ༦༤ པ་ཡིན། (རྩོམ་འགན་པ། རྟ་མགྲིན)