ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

སྙན་དབང་གསོ་བའི་ས་མཐོའི་དབྱངས་རྟ་སྙན་མོ། བོད་ཀྱི་ན་གཞོན་གླུ་མ་བསོད་ནམས་དབང་མོ།

2016-11-29 འཇམ་དཔལ།

ཉེ་པར།

བོད་ཀྱི་གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་དང་ལྷན་དུ།

  ཁོ་མོ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་དུ་སྐྱེས་ཤིང་། ཚེ་བརྟན་སྒྲོལ་མ་གཉིས་པར་གྲགས་ཡོད་པའི་བོད་རིགས་ན་གཞོན་གཞས་མ་ཞིག་ཡིན། ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་གླུ་གར་ཚོགས་པའི་རྐྱང་གཞས་གཏོང་མཁན་གྱི་འཁྲབ་སྟོན་པ་ཞིག་ཡིན།

གཙུག་ལག་ཁང་གི་མདུན་དུ།

ཕ་ཡུལ་ནག་ཆུ།

འོ་ཇ་མངར་མོ་འཐུང་བཞིན་ངལ་གསོ་བཞིན་པ།

  ༢༠༠༢ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་སྐབས་བཅུ་བའི་རྒྱལ་ཡོངས་ཀྱི་ན་གཞོན་གཞས་པའི་འགྲན་བསྡུར་ཆེན་མོའི་ཁྲོད་དུ། ཁོ་མོས་《གསེར་མདོག་གི་ཕ་ཡུལ་》ཅེས་པའི་གཞས་དེ་བཏང་ནས་“གསེར་གྱི་རྟགས་མའི་བྱ་དགའ་”ཐོབ་ཡོད་པ་དང་། མང་ཚོགས་ཆེས་དགའ་བའི་གཞས་མ་ཞེས་པའི་“གསེར་གྱི་རྟགས་མའི་བྱ་དགའ་”ཞེས་པའི་བྱ་དགའ་གཉིས་དུས་གཅིག་ཏུ་ཐོབ་ཡོད། ༢༠༠༣ལོའི་ལོ་མཇུག་ཏུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་གླུ་གར་ཚོགས་པར་དངོས་སུ་ཞུགས་ཤིང་། ཚོགས་པ་དེའི་ལོ་རྒྱུས་སྟེང་གི་བོད་རིགས་གཞས་མ་ཐོག་མར་གྱུར། ༢༠༠༣ལོ་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སོགས་སུ་ཞུགས་འགོ་ཚུགས་ཡོད་པ་རེད།

མཛེས་པའི་རྒྱན་ཆ་དང་མཛེས་པའི་བུ་མོ།

མཛེས་པའི་རྒྱན་ཆ་དང་མཛེས་པའི་བུ་མོ།

  ༢༠༡༥ལོར་བོད་ལྗོངས་བརྙན་འཕྲིན་ཁང་གིས་སྤེལ་བའི་ཇོ་རིའི་བསྟོད་གླུ—སྐབས་དང་པོའི་བོད་ཀྱི་རོལ་མོའི་དགྱེས་འཛོམས་ཞེས་པའི་བྱེད་སྒོའི་ཁྲོད།“གཞས་མ་འཇོན་ཐང་ཅན་”ཞེས་པའི་བྱ་དགའ་ཆེན་པོ་ཐོབ་ཡོད། ༢༠༠༥ལོར་སྒེར་གྱི་ཆེད་བསྒྲིགས་ཐོག་མ་《རང་བྱུང་གི་གཞས་》ཞེས་པ་བཏོན་ཡོད་པ་དང་། ༢༠༡༦ལོར་《ང་ཚོ་ནམ་ཡང་གཞོན་ནུ་ཡིན་》ཞེས་པའི་ཆེད་བསྒྲིགས་གསར་པ་གཉིས་བཏོན་ནས་སྤྱི་ཚོགས་སྟེང་གདེང་འཇོག་ལེགས་པོ་དང་དགའ་བསུ་ཚད་མེད་ཐོབ་དང་ཐོབ་བཞིན་ཡོད་དོ། །

འབྲེལ་ཡོད་རྩོམ་ཡིག