ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

བོད་ཀྱི་ཚད་མ་རིག་པའི་འབུམ་རམས་པ་ཐོག་མ།

2016-12-14 འཇམ་དཔལ།

   —མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། དགེ་རྒན་ཆེན་མོ་ཟླ་བ་ལགས་ཀྱི་གནས་ཚུལ་རྒྱས་བསྡུས་ཤིག

ཁོང་གི་ཉེ་པར།

  ཟླ་བའམ་བཀྲ་ཤིས་ཟླ་བ་ལགས་ནི། ༡༩༦༥ལོའི་ཟླ་༥ཚེས་༡༥ཉིན་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྗོང་དུ་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཁག་ནས་དངོས་གཞི་དང་ཞིབ་འཇུག་སློབ་མ་མཐར་ཕྱིན་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་ནས་འབུམས་རམས་པའི་ཞིབ་འཇུག་སློབ་མ་མཐར་ཕྱིན་པ་ཡིན། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། 
  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི། བོད་ཀྱི་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ། དབུ་མ་རིག་པ་བཅས་ཡིན། སྔ་རྗེས་སུ་བོད་རྒྱ་སྐད་གཉིས་ཀྱི་དཔྱད་རྩོམ་དང་རིག་གཞུང་བསྒྱུར་རྩོམ༣༠ལ་ཉེ་བ་འགྲེམ་སྤེལ་བྱས། བོད་རྒྱ་སྐད་གཉིས་ཀྱི་བརྩམས་དེབ་དང་བསྒྱུར་དེབ༤དང་། པོད༢༣བདག་ཉིད་ཅན་གྱི་དཔེ་ཚོགས༤པར་སྐྲུན་བྱས། ད་ལྟའི་བར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཙོ་བྱས་པའི་རིམ་པ་སོ་སོའི་ལས་གཞི༧ལ་མགོ་འཇིན་དང་ཟུར་ཞུགས་བྱས་ནས་ལེགས་འགྲུབ་བྱུང་། འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ《བོད་བརྒྱུད་ཚད་མ་རིག་པའི་རྟོག་པའི་གཏན་ཚིགས་ཀྱི་རྣམ་གཞག》ཅེས་པ་ལ་ཀྲུང་གོ་ཅིན་ཡུའེ་ལིན་རིག་གཞུང་ཐེབས་རྩ་ཚོགས་པས་གནང་བའི《ཅིན་ཡུའེ་ལིན་ཀྱི་རིག་གཞུང་དགའ་རྟགས་ལས་འབུམ་རམས་པའི་ཕུལ་བྱུང་བསླབ་གནས་དཔྱད་རྩོམ་ཨང༣པ》ཐོབ་ཡོད།

འབྲེལ་ཡོད་རྩོམ་ཡིག