ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ནུབ་བྱང་མི་རིགས་སློབ་ཆེན་ཞབས་བྲོ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཨ་མགོན་ལགས་ཀྱི་གནས་ཚུལ་ངོ་སྤྲོད།

2017-01-16 འཇམ་དཔལ།

སཱན་ཡཱ་རུ་ལྷོད་གཡེང་གཏོང་བཞིན་པ།

  ཨ་མགོན་ལགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་སྐྱེས་ཤིང་། 2002ལོར་ལས་ཀར་ཞུགས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཟློས་གར་སློབ་གླིང་གི་འཁྲབ་སྟོན་ཆེད་ལས་ནས་དངོས་གཞི་སློབ་མཐར་ཕྱིན། ཀྲུང་གོའི་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཟློས་གར་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞབས་བྲོ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡིན།
  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི 2007ལོའི་ལྒང་བཞུའི་དུས་ཆེན་གྱི་དགོང་ཚོགས་ཀྱི་འཁྲབ་ཁྲིད་ཚོགས་པའི་ཚོགས་མི་དང་། བོད་རིགས་ཀྱི་ཟློས་གར་གྱི་འཁྲབ་ཁྲིད་ཐུགས་འགན་བཞེས་མྱོང་།
  2007ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སློབ་གསོའི་འཕྲིན་ལམ་ནས་བསྟན་པའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་འཁྲབ་སྟོན་དང་ཕབ་བཟོའི་ལས་ཀར་ཞུགས།
  2007ལོར“ལྔ་གཅིག”རིག་རྩལ་དགོང་ཚོགས་ཀྱི་སྐབས་གཉིས་པའི་ཀྲུང་གོའི་ལས་བཟོའི་སྒྱུ་རྩལ་དུས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ལག་བསྟར་འཁྲབ་ཁྲིད་པའི་ཐུགས་འགན་བཞེས།
  2006ལོར་ཧྥུ་ཅན་ཞིང་ཆེན་གྱིས་གཙོ་སྒྲུབ་བྱས་པའི་སྐབས་གཉིས་པའི་རྒྱལ་ཡོངས་དམངས་སྲོལ་རིག་གནས་སྤེལ་རེས་ཚོགས་འདུའི་འགོ་འཛུགས་མཛད་སྒོའི་ལག་བསྟར་འཁྲབ་ཁྲིད་པའི་ཐུགས་འགན་བཞེས།
  2009ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དབུ་བརྙེས་ནས་ལོ་ངོ 60འཁོར་བའི་རིག་རྩལ་འཁྲབ་སྟོན་ཆེན་མོའི་འགོ་འཛུགས་མཛད་སྒོའི་ལག་བསྟར་འཁྲབ་ཁྲིད་པའི་ཐུགས་འགན་བཞེས།
  2013ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ 60འཁོར་བའི་འགོ་འཛུགས་མཛད་སྒོའི་སྤྱི་ཁྱབ་འཁྲབ་ཁྲིད་པ་དང་། སྤྱི་ཁྱབ་ཇུས་འགོད་པའི་ཐུགས་འགན་བཞེས།

གཞས་མ་གྲགས་ཅན་ཧན་ཧུང་དང་མཉམ་དུ་ཡོད་པ།

  

  བྱ་དགའ་ཐོབ་པའི་གནས་ཚུལ།

 

  2010ལོར་ནུབ་བྱང་མི་རིགས་སློབ་ཆེན་དབུ་བརྙེས་ནས་ལོ་ངོ 60 འཁོར་བའི་དགའ་སྟོན་ཐོག་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ཐོབ་པ།
  2011ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་སྐབས་གསུམ་པའི་སློབ་ཆེན་སློབ་མའི་སྒྱུ་རྩལ་འགྲེམ་སྟོན་བྱེད་སྒོ་དང་། ཀན་སུའུ་ཞིང་ཆེན་སྐབས་གསུམ་པའི་སློབ་ཆེན་སློབ་མའི་སྒྱུ་རྩལ་འགྲེམ་སྟོན་ཁྲོད་བརྩམས་ཆོས 《དཔའ་རིས་ཞི་མོ》ལ་བྱ་དགའ་ཨང་དང་པོ་ཐོབ།
  2012ལོར་ཀན་སུའུ་ཞིང་ཆེན་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་སྐབས་གཉིས་པའི“ནམ་འཕངས་གཅོད་པ”བུམ་པའི་ཞབས་བྲོའི་འགྲན་བསྡུར་ལ་ཞུགས་ཤིང་བརྩམས་ཆོས《ནུ་མོའི་ཆང་གཞས》ལ་རྩོམ་ཁྲིད་གསེར་གྱི་བྱ་དགའ་ཐོབ།
  2012ལོར་ཀན་སུའུ་ཞིང་ཆེན་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་སྐབས་གཉིས་པའི“ནམ་འཕངས་གཅོད་པ”བུམ་པའི་ཞབས་བྲོའི་འགྲན་བསྡུར་ལ་ཞུགས་ཤིང་བརྩམས་ཆོས《ཨ་དར་རང》ལ་རྩོམ་ཁྲིད་དངུལ་གྱི་བྱ་དགའ་ཐོབ།
  2012ལོར་ཀན་སུའུ་ཞིང་ཆེན་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་སྐབས་གཉིས་པའི“ནམ་འཕངས་གཅོད་པ”བུམ་པའི་ཞབས་བྲོའི་འགྲན་སྡུར་ལ་ཞུགས་ཤིང་བརྩམས་ཆོས《རྩྭ་ཐང་ཐོག་གི་བང་འགྲོས》ལ་རྩོམ་ཁྲིད་ཟངས་ཀྱི་བྱ་དགའ་ཐོབ།
  2013ལོར་ཀན་སུའུ་ཞིང་ཆེན་ཞིང་ཨུད་དང་། མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་བདུན་པའི་ཏུན་ཧོང་རིག་རྩལ་བྱ་དགའི་དཔྱད་འདེམས་བྱ་འགུལ་ཁྲོད་བརྩམས་ཆོས《ནུ་མོའི་ཆང་གཞས》ལ་བྱ་དགའ་ཨང་གསུམ་པ་ཐོབ།
  2014ལོར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་སྐབས་བཞི་པའི་སློབ་ཆེན་སློབ་མའི་སྒྱུ་རྩལ་འགྲེམ་སྟོན་བྱེད་སྒོ་དང་། ཀན་སུའུ་ཞིང་ཆེན་སྐབས་གསུམ་པའི་སློབ་ཆེན་སློབ་མའི་སྒྱུ་རྩལ་འགྲེམ་སྟོན་ཁྲོད་བརྩམས་ཆོས 《གནམ་ངོའི་གླག་རྒོད》ལ་བྱ་དགའ་ཨང་དང་པོ་ཐོབ།

གུང་སེང་གི་སྐབས་སུ་ལྗོངས་རྒྱུར་ཕྱིན་པ།

  2015ལོར་ཀན་སུའུ་ཞིང་ཆེན་ཞིང་ཨུད་དང་། མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་བདུན་པའི་ཏུན་ཧོང་རིག་རྩལ་བྱ་དགའི་དཔྱད་འདེམས་བྱ་འགུལ་ཁྲོད་བརྩམས་ཆོས《གནམ་ངོའི་གླག་རྒོད》ལ་བྱ་དགའ་ཨང་གཉིས་པ་ཐོབ།
  བོད་ཀྱི་གླུ་གར་འཁྲབ་གཞུང་ཆེན་མོ་གེ་སར་རྒྱལ་པོའི་སྒྲུང་ལས།《འཇང་གླིང་གཡུལ་འགྱེད》ཀྱི་འཁྲབ་སྟོན་ལ་ཞུགས་པར། མཚོ་སྔོན་ཞིང་ཆེན་མི་རིགས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཆེད་ལས་རིག་རྩལ་མི་སྣ་སྐོང་འཁྲབ་ཕྱོགས་བསྡུས་བྱ་དགའ་ཨང་དང་པོ་ཐོབ།
  སྐབས་བཞི་པའི CCTVབརྙན་འཕྲིན་ཟློས་གར་འགྲན་བསྡུར་ཆེན་མོའི་ཁྲོད་སྐྱེས་པའི་བརྩམས་ཆོས《གྲོག་རོང་དམར་མོའི་སྔོན་འགྲོ》ཡི་འཁྲབ་སྟོན་ལ་ཞུགས་པར་ཚོགས་པའི་འཁྲབ་སྟོན་བྱ་དགའ་ཨང་གསུམ་པ་ཐོབ།
  2006ལོར་རྒྱལ་ཡོངས་ཀྱི་སྐབས་བརྒྱད་པའི“འབྲས་ཤིང་བུམ་པ”ཡི་ཞབས་བྲོའི་འགྲན་བསྡུར་ཁྲོད་ཀོ་རེ་ཡཱ་རིགས་ཀྱི་དམངས་ཁྲོད་ཞབས་བྲོའམ་རྒྱལ་ཁབ་རིམ་པའི་སྤུས་དག་སློབ་ཚན《སྐྱེས་པའི་འཛིན་གྲྭ》ཡི་འཁྲབ་སྟོན་ལ་ཞུགས་པར་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་ལེགས་སྐྱེས་བྱ་དགའ་ཐོབ།
  2001ལོར་སྐབས་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ཁྲོད་དུ་འཁྲབ་རྩལ་ཕུལ་བྱུང་གི་བྱ་དགའ་ཐོབ།
  སྐྱེས་པ་དང་བུད་མེད་ཀྱི་ལྷན་བྲོའི་བརྩམས་ཆོས《མཛེས་པའི་ནུབ་མཚོ》ལ་གསེར་གྱི་བྱ་དགའ་ཐོབ།
  སྐྱེས་པའི་ལྷན་བྲོ《གངས་རིའི་བླ་སྲོག》ལ་བྱ་དགའ་ཨང་དང་པོ་ཐོབ།
  སྐྱེས་པ་དང་བུད་མེད་ཀྱི་ལྷན་བྲོ《གངས་རིའི་འགྱུར་ཁུགས》ལ་བྱ་དགའ་ཨང་དང་པོ་ཐོབ།
  པེ་ཅིང་གྲོང་ཁྱེར་གྱི་སྐབས་བཅུ་པའི་ཞབས་བྲོའི་འགྲན་བསྡུར་ཁྲོད་དུ་འཁྲབ་སྟོན་ལ་ཞུགས་པའི་ལྷན་བྲོ《ཉི་མའི་ཞབས་ནས་འཐེན་པ》ཞེས་པར་ཆེད་ལས་ཚོ་ཆུང་གི་འཁྲབ་སྟོན་བྱ་དགའ་ཨང་པོ་ཐོབ།
  2004ལོར་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ55འཁོར་བའི་རིག་རྩལ་འཁྲབ་སྟོན་ཆེ་མོའི་ཐོག《སྐར་ལྔའི་དར་དམར་རླུང་དང་འགྲོགས་ཏེ་གཡོ》ཞེས་པ་འཁྲབ་སྟོན་བྱས།
  2008ལོར་རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་པདྨའི་མེ་ཏོག་བུམ་པའི་ཞབས་བྲོའི་འགྲན་བསྡུར་ཁྲོད་མི་སྣ་ཟུང་གི་ཞབས་བྲོའི་བརྩམས་ཆོས《ཉི་མའི་འཆར་ནུབ》ལ་ཕུལ་བྱུང་བྱ་དགའ་ཐོབ།
  2008ལོར་ཀན་སུའུ་ཞིང་ཆེན་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་ནམ་འཕངས་གཅོད་པ་བུམ་པའི་ཞབས་བྲོའི་འགྲན་བསྡུར་ཁྲོད་མི་སྣ་ཟུང་གི་ཞབས་བྲོའི་བརྩམས་ཆོས《ཉི་མའི་འཆར་ནུབ》ལ་གསེར་གྱི་བྱ་དགའ་ཐོབ།
  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི 2007ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་འཁྲབ་སྟོན་ལ་ཞུགས།
  2007ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ 86འཁོར་བའི་དགོང་ཚོགས་ཆེན་མོ་སྟེ། 《མེ་ཏོག་སྣ་བརྒྱའི་དྲི་བསུང་ཁྲོད་དུ་ཀྲུང་གོའི་ཞབས་བྲོའི་སྟངས་སྟབས་བསྒྱུར》ཞེས་པའི་དེང་རབས་ཞབས་བྲོའི་ཕུལ་བྱུང་འཁྲབ་སྟོན་ལ་ཞུགས།
  2007ལོར་པེ་ཅིང་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་མི་རིགས་མཐུན་འབྲེལ་ལྷན་ཚོགས་ཀྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་གཤམ་སྐྱོད་འཁྲབ་སྟོན་ལ་ཞུགས།
  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པའི་ཤང་ཀང་པང་དུ་ལོག་སྟེ་ལོ་ངོ་བཅུ་འཁོར་བའི“ཚོན་མདངས་བཀྲ་བའི་ཀྲུང་ཧྭ”ཞེས་པའི་རིག་རྩལ་དགོང་ཚོགས་ཀྱི་འཁྲབ་སྟོན་ལ་ཞུགས་པ་བཅས་སོ། །

འབྲེལ་ཡོད་རྩོམ་ཡིག